དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • པར་རིས་གསར་འགྱུར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-27

    ཟླ་6ཚེས་24ཉིན། “2025ལོའི་འཕྲལ་སྡོམ་འགན་འཁྲི”གདོད་མའི་ནགས་ཁུལ་གྱི་ནགས་ཚལ་གྱི་མེ་སྐྱོན་ཚབས་ཆེན་གསོད་པའི་ནང་སྦྱོང་དེ་ཧེ་ལུང་ཅང་ཞིང་ཆེན་ཏ་ཤིང་ཨན་ལིང་ས་ཁུལ་དུ་བྱས་པ་རེད། ནང་སྦྱོང་དེ་ནི་དམིགས་བསལ་གྱི་གནོད་འཚེའི་དོན་རྐྱེན་ལ་ལད་མོ་བྱས་ནས་སྤེལ་ཏེ་དམིགས་བསལ་རང་བཞིན་དང་། ཆེད་ལས་རང་བཞིན། དངོས་འཐབ་རང་བཞིན་བཅས་མངོན་པར་བྱས་པ་དང་། རོགས་སྐྱོབ་བྱེད་ནུས་གསར་མ་དེ་འཐབ་ནུས་གསར་མར་འགྱུར་བར་དམིགས་ནས་ཚབས་ཆེའི་དོན་རྐྱེན་གྱི་གནོད་འཚེའི་རྒྱབ་ལྗོངས་འོག་འཕྲལ་སྡོམ་རོགས་སྐྱོབ་བྱེད་ནུས་ཆེ་རུ་གཏོང་རྒྱུ་ཡིན་པ་རེད། འདི་ནི་ཐད་འཕུར་གནམ་གྲུ་ཞིག་གི་ནང་དམག་འདྲེན་རླངས་འཁོར་དང་མེ་གསོད་རུ་མི་བླུགས་ནས་ཧེ་ལུང་ཅང་ཞིང་ཆེན་ཏ་ཤིང་ཨན་ལིང་ས་ཁུལ་གྱི་ནང་སྦྱོང་བྱ་ཡུལ་དུ་འབྱོར་བ།

    ཟླ་6ཚེས་23ཉིན། ཀྲུང་གོ་སྦྲག་སྲིད་ཀྱིས་ཀྲེང་ཀྲོའུ་ནས་ལུ་ཙེམ་པོག་བར་གྱི་རྒྱལ་སྤྱིའི་ཟོག་འདྲེན་མཁའ་ལམ་དངོས་སུ་ཤར་གཏོང་བྱས་པ་རེད། འདི་ནི་ཀྲུང་གོ་སྦྲག་སྲིད་ཀྲེང་ཀྲོའུ་ནས་ལུ་ཙེམ་པོག་བར་གྱི་རྒྱལ་སྤྱིའི་ཟོག་འདྲེན་མཁའ་ལམ་གྱི་དོས་སྐྱེལ་གནམ་གྲུ་ཐོག་མ་ཀྲེང་ཀྲོའུ་ཤིན་ཀྲེང་རྒྱལ་སྤྱིའི་གནམ་ཐང་ནས་འཕུར་གྲབས་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།