ལྷོ་ཁ་གྲོང་ཁུལ་ནས་གོང་དཀར་གནམ་ཐང་བར་གྱི་འགྲུལ་སྐྱེལ་ཆེད་སྤྱོད་ལམ་ཐིག་ཚོད་ལྟའི་ངང་སྤྱོད་འགོ་ཚུགས་པ།
ཉེ་ཆར། ལྷོ་ཁ་གྲོང་ཁྱེར་མ་འཇོག་འགྲུལ་སྐྱེལ་ཀུང་སིས་ལྷོ་ཁ་གྲོང་ཁུལ་ནས་ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་ལ་བསྐྱོད་སའི་འགྲུལ་སྐྱེལ་ཆེད་སྤྱོད་ལམ་ཐིག་དངོས་སུ་ཤར་གཏོང་བྱས་ཤིང་། ཆེད་སྤྱོད་ལམ་ཐིག་འདི་ཟླ་6ཚེས་20ཉིན་ནས་བཟུང་ཟླ་བ་གསུམ་རིང་ཚོད་ལྟའི་ངང་སྤྱོད་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཆེད་སྤྱོད་ལམ་ཐིག(ཐད་སྐྱོད)ནི་ལྷོ་ཁ་གྲོང་ཁྱེར་ཐག་རིང་འགྲུལ་སྐྱེལ་སྤྱི་ཁྱབ་ས་ཚིཌ་ནས་འགོ་བཙུཌ་ཏེ། མཇུག་ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་T3བབས་ཚུགས་བར་ཡིན་པ་དང་། རླངས་འཁོར་གཏོང་བའི་དུས་ཚོད་ནི་5:40 8:30 10:30 12:30 13:30 16:00བཅས་ཡིན་པ་དང་། ཕྱིར་ལོག་པའི་ལམ་ཐིག(ཐད་སྐྱོད)ནི་ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་T3བབས་ཚུགས་ནས་འགོ་བཙུགས་ཏེ། མཇུག་ལྷོ་ཁ་གྲོང་ཁྱེར་ཐག་རིང་འགྲུལ་སྐྱེལ་སྤྱི་ཁྱབ་ས་ཚིགས་བར་ཡིན་པ་དང་། རླངས་འཁོར་གཏོང་བའི་དུས་ཚོད་ནི་10:30 11:30 13:00 15:00 17:00 19:30བཅས་ཡིན་པ་རེད། འགྲུལ་པས“བོད་ལྗོངས་སྤ་སེ་ལས་གཉེར་ཀུན་འཐུས”ཀྱི་སྐད་འཕྲིན་སྤྱི་རྟགས་བརྒྱུད་ཉིན་དེའི་འགྲུལ་སྐྱེལ་ཆེད་སྤྱོད་རླངས་འཁོར་གཏོང་ཐེངས་ཀྱི་སྐབས་བསྟུན་བཀོད་གཏོང་ཆ་འཕྲིན་འདྲི་རྩད་བྱེད་ཆོག