རང་སྐྱོང་ལྗོངས་ཀྱི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེན་པོ་སྐབས་དྲུག་པ་འགོ་ཚུགས་པ།
ཚེས་25ཉིན་གྱི་སྔ་དྲོར། བོད་ལྗོངས་ལག་ཤེས་སློབ་གླིང་དུ་རང་སྐྱོང་ལྗོངས་ཀྱི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེན་པོ་སྐབས་དྲུག་པ་འགོ་ཚུགས་ཤིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་བསྟན་པ་ཞུགས་པ་དང་འབྲེལ། འགོ་ཚུགས་ཁྱབ་བསྒྲགས་ཀྱང་གནང་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། འགྲན་བསྡུར་ཆེན་པོའི་ཐོ་འགོད་ལས་དོན་སྤེལ་འགོ་ཚུགས་ཚུན། ས་གནས་དང་གྲོང་ཁྱེར་ཁག་དང་། ལས་རིགས(ལག་རྩལ་བཟོ་པ)སློབ་གླིང་ཁག ལས་རིགས་ཚན་པ་ཁག་བཅས་ཀྱིས་དང་ལེན་ཧུར་ཐག་ཞུས་ཤིང་། རིམ་པ་བཞིན་འདེམས་སྒྲུག་བྱས་པ་བརྒྱུད་ས་ཁུལ་དང་གྲོང་ཁྱེར་7དང་ལྗོངས་ཐད་གཏོགས་ཀྱི་འཐུས་ཚབ་རུ་ཁག་གི་རྩལ་ནུས་བདམས་ཐོན་པ་431གིས་འགྲན་བསྡུར་རྣམ་གྲངས་15ཁྲོད་འགྲན་རྩོད་ཛ་དྲག་པོ་བྱས་ནས་དུས་རབས་གསར་པའི་རྩལ་ནུས་ཤེས་ལྡན་པའི་ཉམས་འགྱུར་ངོམ་རྒྱུ་རེད། འགྲན་བསྡུར་ཉིན་གསུམ་བྱ་རྒྱུ་ཡིན་པ་དང་རྒྱལ་ཁ་ཐོབ་པའི་བདམས་ཐོན་པས་རང་ལྗོངས་ཀྱི་ཚབ་ཞུས་ནས་ད་ལོའི་རྒྱལ་ཡོངས་ཀྱི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེན་པོ་སྐབས་གསུམ་པར་ཞུགས་རྒྱུ་རེད།