རྐང་རྩེད་སྤོ་ལོའི་Cརིམ་པའི་རྩལ་ཁྲིད་པའི་གསོ་སྦྱོང་འཛིན་གྲྭ་ལྷ་སར་འགོ་ཚུགས་པ།
ཉེ་ཆར་ཀྲུང་གོ་རྐང་རྩེད་སྤོ་ལོའི་མཐུན་ཚོགས་དང་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་། རང་སྐྱོང་ལྗོངས་རྩལ་འགྲན་ལུས་རྩལ་དོ་དམ་ལྟེ་གནས་དང་རང་སྐྱོང་ལྗོངས་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱིས་གཉེར་རོགས་བྱས་པའི་2025ལོའི་ཨེ་ཤེ་ཡའི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་དང་ཀྲུང་གོ་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱི་Cརིམ་པའི་རྩལ་ཁྲིད་པའི་གསོ་སྦྱོང་འཛིན་གྲྭ་ལྷ་སར་འགོ་ཚུགས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གསོ་སྦྱོང་དུས་ཡུན་ཉིན་14ཡིན་པ་དང་། ཀྲུང་གོ་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱི་གཙོ་ཁྲིད་དགེ་རྒན་བོད་དུ་གདན་དྲངས་ནས་སློབ་ཁྲིད་བྱེད་ཀྱི་ཡོད། ནང་དོན་གྲས་སུ་རིགས་པའི་གཞུང་ལུགས་དང་། ངག་རྒྱུགས། ལག་ལེན་སོགས་ཡོད། གསོ་སྦྱོང་གི་དམིགས་ཡུལ་ནི་རང་ལྗོངས་ཀྱི་གཞི་རིམ་རྐང་རྩེད་སྤོ་ལོའི་རྩལ་ཁྲིད་པའི་ཆུ་ཚད་སྔར་བས་མཐོ་རུ་བཏང་ནས་རང་ལྗོངས་ཀྱི་རྐང་རྩེད་སྤོ་ལོའི་ལུས་རྩལ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་རེད། ལྗོངས་ཡོངས་ཀྱི་གྲོང་ཁྱེར(ས་ཁུལ)ཁག་གི་ལུས་རྩལ་སྲིད་འཛིན་སྡེ་ཚན་དང་རང་སྐྱོང་ལྗོངས་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱི་ཁོངས་ཞུགས་ཚན་པ་སོགས་ནས་ཡོང་བའི་མི་20ད་ཐེངས་ཀྱི་གསོ་སྦྱོང་ནང་ཞུགས་པ་རེད།