ལྷ་ས་གྲོང་ཁྱེར་བྱང་སྐོར་ལམ་ནུབ་བསྲིང་རྣམ་གྲངས་ཀྱི་ཕུག་ལམ་ཚང་མ་ཏལ་འབིགས་ཐུབ་པ།
ཟླ་6ཚེས་24ཉིན། ལྷ་ས་གྲོང་ཁྱེར་བྱང་སྐོར་ལམ་ནུབ་བསྲིང་རྣམ་གྲངས་ཀྱི་སྟོད་ལུང་གི་ཕུག་ལམ་3པའི་གཞོགས་གཡོན་མ་དངོས་སུ་ཏལ་འབིགས་ཐུབ་རྗེས་ལྷ་ས་གྲོང་ཁྱེར་བྱང་སྐོར་ལམ་ནུབ་བསྲིང་རྣམ་གྲངས་ཀྱི་ཕུག་ལམ་གསུམ་ཚང་མ་བདེ་བླག་ངང་ཏལ་འབིགས་ཐུབ་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། བྱང་སྐོར་ལམ་ནུབ་བསྲིང་རྣམ་གྲངས་ནི་ལྷ་ས་གྲོང་ཁྱེར་གྱི་2024ལོའི་གཙོ་གནད་རྣམ་གྲངས་ཀྱི་གྲས་ཤིག་ཡིན་པ་དང་རྣམ་གྲངས་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར་33.16བཏང་སྟེ་འགོ་འཛུགས་ས་སྟོད་ལུང་བདེ་ཆེན་ཆུས་དང་ཁྲེང་ཀོན་ཆུས་ཀྱི་འབྲེལ་མཚམས་སུ་གནས་པ་དང་། པེ་ཅིང་ནུབ་ལམ་དང་མཐུད་དེ་མཐར་G109དང་སྟོད་ལུང་ལམ་ཆེན་དང་ཞང་ཞུང་ལམ་ཆེན་གྱི་འབྲེལ་མཚམས་སུ་གནས་པ། ལམ་ཐག་ཧྲིལ་པོར་སྤྱི་ལེ་17ཡོད་པ་དང་ཕྱོགས་གཉིས་ནས་རླངས་འཁོར་བཞི་སྐྱོད་ཆོག་པ་དང་གྲོང་ཁྱེར་གྱི་མྱུར་བགྲོད་ལམ་དུམ་ཇུས་འགོད་ཀྱི་ཚད་གཞི་སྤྱད་དེ་ཇུས་འགོད་བྱས་པའི་མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ་60ཡིན་པ་རེད།