བོད་ལ་གྲུམ་བུ་ནད་ཅན་སྨན་བཅོས་བྱེད་པར་ཐེངས་བཞི་ཡོང་བ།
—— ཆིང་ཏའོ་བོད་སྐྱོར་ཚོགས་ཆུང་གིས་བོད་ཀྱི་གྲུམ་བུ་ནད་ཅན་སྐྱོབ་བཅོས་བྱས་པའི་སྐོར་རགས་ཙམ་བཀོད་པ།
ཟླ་6ཚེས་18ཉིན་གྱི་ཞོགས་པ། ཆིང་ཏའོ་གྲོང་ཁྱེར་གྲོང་བཙུགས་སྨན་ཁང་གི“གྲུམ་བུ་ནད་ཅན་ལ་དོ་ཁུར་བྱེད། བདེ་ཐང་ཕུགས་འདུན་མཉམ་དུ་གཏོད”ཅེས་པའི་རྒྱ་གྲམ་དམར་རྟགས་ཚོགས་པའི་དང་བླངས་ཞབས་ཞུའི་རུ་མི་བླུགས་པའི་རླངས་འཁོར་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ལྟེ་བའི་སྨན་ཁང་དུ་འབྱོར། དེ་ནི་ཆིང་ཏའོ་གྲོང་ཁྱེར་གྲོང་བཙུགས་སྨན་ཁང་གི་དང་བླངས་ཚོགས་པ་གཞིས་རྩེར་ཡོང་ཐེངས་བཞི་པ་ཡིན་ཞིང་། གྲུམ་ནད་ཕོག་པའི་བོད་ཀྱི་ནད་པར་རང་ཡུལ་དུ་སྨན་བཅོས་བྱས་ནས་དྲག་སྐྱེད་ཡོང་བའི་ཆེད་དུ་རེད།
བོད་དུ་གྲུམ་བུ་ནད་ཅན་་མང་པོ་ཡོད་མོད། འོན་ཀྱང་ས་མཐོའི་སྨན་བཅོས་ཆ་རྐྱེན་ཞན་པ་དང་ས་ཆ་གཞན་དུ་སྨན་བཅོས་བྱེད་པར་ཕྱིན་ན་འགྲོ་སོང་མང་པོ་འགྲོ་གི་ཡོད་པས་ནད་པ་མང་པོ་ཞིག་དུས་ཐོག་ཏུ་སྨན་བཅོས་མ་ཐུབ་པར་ལོ་འཁོར་མོ་འཁར་རྒྱུག་ལ་བརྟེན་དགོས་ཀྱི་ཡོད། ཆིང་ཏའོ་གྲོང་ཁྱེར་གྱི་ཁག་བཅུ་པའི་བོད་སྐྱོར་ཤེས་ལྡན་ལས་བྱེད་པའི་ཚོཌ་པས་བོད་དུ་ལས་ཀ་བྱེད་རིང་གནས་ཚུལ་དེ་ཤེས་རྟོགས་བྱུང་རྗེས། སྐྱོབ་བཅོས་ཀྱི་རྣམ་གྲངས་ལག་ལེན་བསྟར་ཏེ་གཤགས་བཅོས་བྱེད་རུང་བའི་བོད་རིགས་མང་ཚོགས་མང་པོ་ཞིག་བརྟག་དཔྱད་་བྱས་ནས་ཆིང་ཏའོ་གྲོང་བཙུགས་སྨན་ཁང་དུ་སྤྱི་ཕན་སྐྱོབ་བཅོས་བྱེད་པར་འཁྲིད།
བོད་རིགས་མང་ཚོགས་ལ་རང་ཡུལ་ནས་ཆིང་ཏའོ་དང་སྤུས་ཚད་འདྲ་བའི་གཤགས་བཅོས་བྱེད་ཐུབ་ཆེད། 2023ལོའི་ཟླ་9པར་ཆིང་ཏའོ་གྲོང་ཁྱེར་རྒྱ་གྲམ་དམར་རྟཌ་ཚོགས་པ་དང་། གྲོང་ཁྱེར་འཕྲོད་བསྟེན་ཨུ་ལྷན། ཆིང་ཏའོ་གྲོང་ཁྱེར་གྲོང་བཙུགས་སྨན་ཁང་བཅས་ཀྱིས་མཉམ་དུ“རི་ཆུའི་དབར་ལ་བརྩེ་བ་ཟབ། གཅེས་སེམས་ཆེན་པོས་མཉམ་དུ་བསྐྱོད——ཆིང་ཏའོ་གྲོང་ཁྱེར་གྱི་བོད་སྐྱོར་སྤྱི་ཕན་རྣམ་གྲངས”ལག་ལེན་བསྟར་བ་དང་། དང་བླངས་པའི་ཚོགས་པ་སྒྲིག་འཛུགས་བྱས་ཏེ་གཞིས་རྩེར་བསྐྱོད་ནས་ནད་པར་གཤགས་བཅོས་བྱས། རྣམ་གྲངས་ལག་ལེན་བསྟར་རྗེས་སྨན་བཅོས་དང་། ནད་སྐྱོང་། དྲག་སྐྱེད་སོགས་ཆེད་ལས་སྨན་པ་ལས་གྲུབ་པའི་དང་བླངས་པའི་ཚོགས་པས་ཆིང་ཏའོ་གྲོང་ཁྱེར་རྒྱ་གྲམ་དམར་རྟགས་ཚོགས་པའི་ཆེད་དོན་སྤྱི་ཕན་ཐེབས་རྩའི་རྒྱབ་སྐྱོར་འོག སྔ་རྗེས་སུ“ཚོགས་སྒྲིག”ཐེངས་4བྱས་ནས་ས་མཐོར་ཡོང་སྟེ་དཔྱི་ཚིགས་དང་པུས་ཚིགས་བརྗེ་བའི་གཤགས་བཅོས་ཐེངས་96བྱས་ནས་བོད་རིགས་མང་ཚོགས་རང་ཡུལ་ནས་ནད་གཞི་དྲག་སྐྱེད་ཡོང་བའི་ཕུགས་འདུན་འགྲུབ་ཡོད།
ཟླ་6ཚེས་17ནས་ཚེས་21ཉིན་བར་ཆིང་ཏའོ་གྲོང་ཁྱེར་གྲོང་བཙུགས་སྨན་ཁང་གི་དང་བླངས་པའི་ཚོགས་པས་སླར་ཡང་གྲུམ་བུ་ནད་ཅན་24ལ་པུས་ཚིཌ་བརྗེ་བའི་གཤགས་བཅོས་བྱས་པ་རེད།
“རྐང་པ་དྲག་རྗེས་ངས་འཁར་རྒྱུག་དེ་མེ་ལ་སྲེག་གི་ཡིན” ལོ་74ལ་སླེབས་པའི་བསམ་གྲུབ་རྩེ་ཆུས་ལྕགས་འདམ་ཤང་གི་ཞིང་པ་སྤེན་པ་ལོ་15ཡི་གོང་གྲུམ་ནད་ཕོག་ནས་འཁར་རྒྱུག་ལ་མ་བརྟེན་ཀ་མེད་བྱུང་ཡོད། ན་ནིང་དང་བླངས་པའི་ཚོགས་པས་སྨན་བཅོས་བྱས་རྗེས་ཁོང་གིས་རྐང་པ་གཡོན་མ་སྤོས་ནས་འགྲོ་ཐུབ་ཡོད། དང་བླངས་པ་ཡང་བསྐྱར་བོད་དུ་ཡོང་མཁན་ཡིན་པ་ཤེས་རྗེས་ཁོང་གིས་སྔ་ས་ནས་ཡུལ་དེའི་སྨན་ཁང་དང་འབྲེལ་བ་བྱས་ཏེ། རང་ཉིད་ཀྱི་རྐང་པ་གཡས་པ་དེའང་སྨན་བཅོས་བྱས་རྗེས་འཁར་རྒྱུག་ལ་བརྟེན་མི་དགོས་པའི་རེ་སྒུག་བྱེད་བཞིན་ཡོད།
དང་བླངས་ཚོགས་པས་ཚོགས་པ་སྒྲིག་འཛུགས་བྱས་ནས་གཞན་རྟེན་བྱས་པ་མ་ཟད། རང་རྟེན་ལ་དེ་བས་མཐོང་ཆེན་བྱས་ཏེ་སྔོན་ཐོན་གྱི་སྨན་བཅོས་འདུ་ཤེས་དང་དྲག་སྐྱེད་མགྱོགས་པོ་ཡོང་ཐབས་བུམ་པ་གང་བྱོའི་ཚུལ་དུ་བསླབས་ཤིང་། དེའི་དམིགས་ཡུལ་ནི་ས་གནས་དེ་གར་ནམ་ཡང་གནས་ཐུབ་པའི་སྨན་དོན་སྟོབས་ཤུགས་ཤིག་གཏོད་རོགས་བྱ་ཆེད་རེད། ས་གནས་དེ་གའི་སྨན་ཁང་གི་རེ་འདུན་ལྟར། ཆིང་ཏའོ་གྲོང་ཁྱེར་གྲོང་བཙུགས་སྨན་ཁང་གིས་སྨན་བཅོས་འགན་བཅོལ་གྱི་རིགས་གཅིག་མཁས་ཅན་ཧྲི་ཧོ་དང་བླངས་པ་ཁག་བཞི་པ་དང་མཉམ་དུ་བོད་ལ་མངགས་ཏེ། བསམ་གྲུབ་རྩེ་ཆུས་ལྟེ་བའི་སྨན་ཁང་གིས་སྨན་བཅོས་འགན་བཅོལ་དངུལ་གཏོང་སྤྲོད་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བར་འཕྲད་པའི་དཀའ་ངལ་ཐད་ས་གནས་དེ་གའི་སྨན་ཁང་གི་འབྲེལ་ཡོད་འགན་ནུས་སྡེ་ཚན་གྱི་འགན་འཁུར་བ་དང་སྤེལ་རེས་གཏིང་ཟབ་བྱས་པ་རེད།
ཆིང་ཏའོ་གྲོང་ཁྱེར་གྱི་བོད་སྐྱོར་ཤེས་ལྡན་ལས་བྱེད་པའི་ཚོཌ་ཆུང་ཁག་བཅུ་པའི་རྒྱབ་སྐྱོར་ཤུཌ་ཆེན་འོག ཆིང་ཏའོ་གྲོང་ཁྱེར་གྲོང་བཙུགས་སྨན་ཁང་གི་དང་བླངས་པས་ལོ་གཉིས་ནང་ཚོགས་པ་སྒྲིག་འཛུགས་ཐེངས་བཞི་བྱས་ནས་ས་མཐོར་ཡོང་སྟེ། “‘ཚོགས་སྒྲིག་རྣམ་པའི’གཤགས་བཅོས་སྐྱོབ་བཅོས་དང‘ནད་སྐྱོང་དྲག་སྐྱེད’གཞི་གཅིག་ཅན་ཟུང་འབྲེལ་གྱི་དྲག་སྐྱེད་མགྱོགས་པོ་ཡོང་ཐབས”ཀྱི་གཏན་ཆཌ་རོགས་སྐྱོར་ལམ་སྲོལ་འཚོལ་ཞིབ་བྱས་ཤིང་། བསམ་གྲུབ་རྩེ་དང་ཆིང་ཏའོ་ས་ཁུལ་གཉིས་ཀྱིས་རིམ་རྩིས་བརྒྱབ་ན་ས་མཐོའི་གྲུམ་བུ་ནད་ཅན་130ལ་གཤཌ་བཅོས་བྱས་ཏེ། སྨན་བཅོས་བོད་སྐྱོར་ལས་དོན་གྱི་ལག་ལེན་ལ་ཕན་ཡོད་ཀྱི་དཔྱད་གཞི་མཁོ་འདོན་བྱས་པ་མ་ཟད། ཧྲན་བོད་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་རི་ཆུའི་བརྩེ་སེམས་དང་ཁྲག་རྒྱུན་མཉམ་འདྲེས་ཀྱི་མི་རིགས་མཐུན་སྒྲིལ་ལ་འགྲེལ་བཤད་གསར་པ་བརྒྱབ་ཡོད།