རྨ་ཆུའི་ཆུ་དང་བྱེ་མ་དངོས་སུ་ཚོད་འཛིན་བྱེད་འགོ་ཚུགས་པ།
འདི་ནི་རྨ་ཆུའི་ཞའོ་ལང་ཏི་ཆུ་བེད་ལྟེ་གནས་ལས་གྲྭའི་ཆུ་གཤོང་བའི་རྣམ་པ་ཡིན་པ། ཝང་ཤང་ཁྲོན་གྱིས་པར་བླངས(མི་དམངས་མཐོང་ཚོར)
ཚེས་23ཉིན། ཞའོ་ལང་ཏི་ཆུ་བེད་ལྟེ་གནས་ཀྱི་བྱེ་མ་ཕྱིར་འབུད་ཀྱི་སྟེམ་སྒོ་གསུམ་དལ་གྱིས་ཕྱེ་བ་དང་བསྟུན་ནས་ལྟེ་གནས་ཀྱི་ཆུ་འབུད་ཚད་དེ་སྐར་ཆ་རེར་སྨི་རྒྱ་དཔངས་གྲུ་བཞི་མ་2600བར་མང་དུ་ཕྱིན་པ་དེ་ཐོག་ནས་2025ལོའི་རྨ་ཆུའི་ཆུ་དང་བྱེ་མ་དངོས་སུ་ཚོད་འཛིན་བྱེད་འགོ་ཚུགས་པ་མཚོན་ཡོད།
ཆུ་དང་བྱེ་མ་ཚོད་འཛིན་ཞེས་པ་ནི་ཆུ་མཛོད་བརྒྱུད་ཆུ་མཛོད་ཀྱི་ཤོང་ཚད་སྙོམས་སྒྲིག་བྱེད་པ་དང་། མི་ཐབས་ལ་བརྟེན་ནས་བཞུར་ཚད་ཆེ་བའི་ཆུ་རྒྱུན་བཟོས་ཏེ། ཆུ་མཛོད་དང་ཆུ་སྨད་རྒྱུད་དུ་བསགས་པའི་བྱེ་འདམ་རྒྱ་མཚོའི་ནང་དུ་དེད་པའི་བརྒྱུད་རིམ་ལ་ཟེར། ཟླ་7ཚེས་1ཉིན་རྨ་ཆུར་འབྲུབ་ཆུ་རྒྱས་སྒང་ཡིན་པས་ཆུ་བེད་པུའུ་རྨ་ཆུའི་ཆུ་བེད་ཨུ་ལྷན་གྱིས་རྨ་ཆུའི་སྨད་རྒྱུད་ཀྱི་ཐན་འགོག་དང་བར་རྒྱུད་ཀྱི་ཆུ་མཛོད་ནས་ཆུ་བཤངས་ནས་འབྲུབ་ཆུར་ཁ་གཏད་གཅོག་པའི་བླང་བྱ་དང་ཟུང་འབྲེལ་བྱས་ཏེ། ཟླ་6ཚེས་23ཉིན་ནས་བཟུང་དབན་ཅ་ཀྲའེ་དང་། སན་མོན་ཞ། ཞའོ་ལང་ཏི་སོགས་ཆུ་མཛོད་ལ་མཉམ་འབྲེལ་ཐོག་བཀོད་གཏོང་བྱས་ནས་ཆུ་དང་བྱེ་མ་ཚན་རིག་དང་མཐུན་པའི་ངང་ཚོད་འཛིན་བྱེད་རྒྱུའི་ཐག་བཅད་པ་རེད།