ཀོང་ཤིས་པེ་ཧའེ་ཡི་2025ལོའི་ཟླ་བ་དང་པོ་ནས་ལྔ་པའི་བར་གྱི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་དུས་མཚུངས་ལས་33.4%འཕར་བ།
ད་ལོ་ཚུན་དུ། ཀོང་ཤིས་པེ་ཧའེ་གྲོང་ཁྱེར་གྱི་ཕྱི་ཕྱོགས་སྒོ་དབྱེའི་གྲུ་ཚུགས་རྒྱུན་ཆད་མེད་པར་མང་དུ་ཕྱིན་པ་དང་། འགག་སྒོའི་རྨང་གཞིའི་སྒྲིག་བཀོད་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་པ། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་པ་བཅས་དང་བསྟུན་པ་དང་དེ་བཞིན་རིག་ལྡན་འགག་སྒོ་འཛུགས་སྐྲུན་ལ་བརྟེན་ནས་ལས་སྒོའི་བརྒྱུད་རིམ་ལེགས་གཏོང་དང་ལྟ་འདོམས་བྱེད་སྟངས་ལེགས་སྒྲིག་ལ་སྐུལ་འདེད་བཏང་སྟེ། ལེགས་ཆའི་ཐོན་ལས་ཕྱིར་གཏོང་བྱེད་པར་ཞབས་འདེགས་ཞུས་ཡོད། པེ་ཧའེ་འགག་སྒོ་ལས་ཁུངས་ཀྱི་བསྡོམས་རྩིས་ལ་གཞིགས་ན། ད་ལོའི་ཟླ་བ་དང་པོ་ནས་ལྔ་པའི་བར། ཀོང་ཤིས་པེ་ཧའེ་གྲོང་ཁྱེར་གྱི་ཕྱི་ཕྱོགས་ཚོང་དོན་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་མངོན་ཏེ་ཕྱི་ཕྱོགས་ཚོང་དོན་ཕྱིར་གཏོང་ནང་འདྲེན་གྱི་བསྡོམས་འབོར་སྒོར་དུང་ཕྱུར་174.5ཟིན་ནས་དུས་མཚུངས་ལས་33.4%འཕར་ཡོད། དེའི་ནང་ནས་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་112.4ཟིན་ནས་དུས་མཚུངས་ལས་86.8%འཕར་ཡོད།
འདི་ནི་ཟླ་6ཚེས་23ཉིན་པེ་ཧའེ་གྲུ་ཁ་ཐེ་ཧྲན་གྲུ་ཁའི་ལས་སྒོ་བསྒྲུབ་ཡུལ་དུ་རྒྱལ་ཁབ་ཕྱི་ནང་གི་གྲུ་གཟིངས་མང་པོ་ནས་དངོས་ཟོག་འབེབས་བཞིན་པ།