“ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་ཤིང་ཏོག་ཀོང་ཤིས་སུ་བཏོན་ནས་ཤར་བགྲོད་ཉོ་སྒྲུབ་ཀྱི་RCEPདེ་བས་སྟབས་བདེར་གྱུར་ཏེ་ཀྲུང་གོར་ཉོ་སྒྲུབ་བྱེད། ཀོང་ཤིས་ས་ཚིགས”ཀྱི་བྱེད་སྒོ་སྤེལ་བ།
ཉིན་ཤས་གོང“ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་ཤིང་ཏོག་ཀོང་ཤིས་སུ་བཏོན་ནས་ཤར་བགྲོད་ཉོ་སྒྲུབ་ཀྱི་RCEPདེ་བས་སྟབས་བདེར་གྱུར་ཏེ་ཀྲུང་གོར་ཉོ་སྒྲུབ་བྱེད། ཀོང་ཤིས་ས་ཚིགས”ཀྱི་བྱེད་སྒོ་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་ཁྱད་ལྡན་ཚོང་ཟོག་གཅིག་སྡུད་ལྟེ་གནས་སུ་སྤེལ་འགོ་ཚུགས་པ་རེད།
བྱེད་སྒོ་སྤེལ་ཡུལ་དུ་ཝེ་ཐེ་ནམ་དང་། པུ་རུ་ནེ། ཁམ་ཕུ་ཁྲེ། ཧིན་རྡུ་ཉི་ཞི་ཡ་སོགས་རྒྱལ་ཁབ་ཀྱི་ཕོ་ཉས་རྒྱལ་ཁབ་དེའི་ཤིང་ཏོག་དང་RCEPཚོང་ཟོག་སྤུས་ལེགས་འོས་སྦྱོར་ངོ་སྤྲོད་ཧུར་ཐག་བྱས་པ་རེད། ཀོང་ཤིས་ནན་ཉིང་དང་། ཆིན་ཀྲོའུ། ཁྲུང་ཙུའོ་བཅས་དང་དེ་བཞིན་རང་སྐྱོང་ལྗོངས་ཚོང་དོན་ཐིང་དང་། རིག་གནས་དང་ཡུལ་སྐོར་ཐིང་། ཀྲུང་གོ་བཟའ་བཅའ་ཕྱུགས་ཟོག་ཕྱིར་གཏོང་ནང་འདྲེན་ཚོང་ཚོགས། རྒྱལ་ནང་གི་དྲ་ཚོང་ལས་སྟེགས། རྒྱལ་སྒྲོལ་དྲ་ཚོང་ཁེ་ལས་ཀྱི་འཐུས་མི་བཅས་སོ་སོས་འོས་སྦྱོར་ངོ་སྤྲོད་བྱས་ཏེ་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་ཤིང་ཏོག་ཉོ་སྒྲུབ་རྣམ་གྲངས་དང་། RCEPཚོང་ཟོག་སྤུས་ལེགས་ལས་སྣོན་རྣམ་གྲངས། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་ཤིང་ཏོག་རྒྱལ་ཡོངས་སུ་ཕྱིར་ཚོང་རྣམ་གྲངས་བཅས་ཁག་གཅིག་ལ་གན་རྒྱ་བཞག་པ་རེད།
མི་དམངས་དྲ་བར་ཀྲུང་གོ(ཀོང་ཤིས)དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་ཤིང་ཏོག་གི་སྣ་འཛོམས་དཔེ་དབྱིབས་ཆེ་མོ་ཁྱབ་བསྒྲགས་བྱས་ཡོད།