མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་འགོད་ཧྲུའུ་དང་ཐུང་ཅི་སློབ་ཆེན་གྱིས་གྲོང་ཁྱེར་གྱི་གནོད་འཚེ་སྔོན་འགོག་སྟབས་བསྟུན་གསར་གཏོད་ཚོད་ལྟ་ཁང་སྤྱོད་འགོ་ཚུགས་པ།
ཤིན་ཧྭ་གསར་འགྱུར་ཁང་ཧྲང་ཧའེ་ནས་ཟླ་6ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཚེས་23ཉིན། ཀྲུང་གོར་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་འགོད་ཧྲུའུ་ཡི་འཐུས་ཚབ་ཁང་དང་ཐུང་ཅི་སློབ་ཆེན་གྱིས་མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་འགོད་ཧྲུའུ་དང་ཐུང་ཅི་སློབ་ཆེན་གྱིས་གྲོང་ཁྱེར་གྱི་གནོད་འཚེ་སྔོན་འགོག་སྟབས་བསྟུན་གསར་གཏོད་ཚོད་ལྟ་ཁང་སྤྱོད་འགོ་ཚུགས་པ་ཁྱབ་བསྒྲགས་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཚོད་ལྟ་ཁང་དེས་ཚེ་སྲོག་འཁོར་ཡུན་ཧྲིལ་པོའི་རིག་ནུས་ཀྱི་གནོད་འཚེ་སྔོན་འགོག་ཉུང་གཏོང་དང་། མི་འབོར་ཚད་བརྒལ་གྲོང་ཁྱེར་གྱི་སྟབས་བསྟུན་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་དམིགས་ཤིང་། དེའི་དམིགས་ཡུལ་ནི་ཧྲང་ཧའེ་དང་། ཀྲུང་གོ་ཡོངས་དང་ཐ་ན་དེ་མིན་གྱི་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ཚབས་ཆེན་ཐེབས་པའི་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་གྲོང་ཁྱེར་གྱི་ཁ་གཏད་གཅོག་ཐབས་ལ་ཤུགས་སྣོན་བརྒྱབ་ནས་ལག་ལེན་དང་། ཉམས་མྱོང་། ལྟ་ཚུལ་བཅས་ཡག་ཤོས་མཉམ་དུ་སྤྱོད་ཆེད་ཡིན་པ་རེད།