དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱི་ཞིང་ལས་ཐོན་རྫས་མཚོ་སྔོན་གྱི་ངོ་འཕྲད་གྲོས་མོལ་ཚོཌ་འདུར་སྟོན་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-06-26

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་6ཚེས་23ཉིན། གསར་འགོད་པར་མཚོ་སྔོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་ཉེར་དྲུག་པ་འགོ་ཚུགས་ཉེར་ཡོད་པའི་སྐབས་སུ། ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གྱི་འགྲེམས་ཁུལ་གྱིས་གྲ་སྒྲིག་ཨང་བསར་བྱེད་བཞིན་ཡོད་པ་རེད། འགྲེམས་ཁུལ་གྱིས“སྐྱེ་ཁམས་མཚོ་སྔོན། ལྗང་མདོག་སྤུས་ལེགས་ཐོན་རྫས”བརྗོད་དོན་གཙོ་བོར་བྱས་ནས་ཁྱད་ལྡན་ཐོན་རྫས་ལྔ་གཙོ་གནད་ཐོག་སྟོན་རྒྱུ་སྟེ། ཡོ་རོབ་མནའ་འབྲེལ་གྱིས་ཁས་ལེན་དཔང་འདོན་བྱས་པའི་སྐྱེ་ལྡན་ཚགས་ཤའི་ཐོན་རྫས་དང་། ས་ཁམས་མཚོན་རྟགས་ཐོན་རྫས་མདོ་ལ་རིང་མོའི་བོད་ལུག ཕྱིར་གཏོང་རིམ་པའི་ཆུ་གྲང་ཉ་སན་ཝུན། ས་མཐོའི་སྔོ་ཚལ། ཚྭ་འདམ་གྱི་སྐྱེ་ལྡན་འདྲེ་ཚེར་མ་བཅས་དང་མཚོ་སྔོན་གྱིས་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་བསྐྲུན་པའི་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཕྱོགས་ཡོངས་ནས་མངོན་རྒྱུ་ཡིན་པ་རེད།

    མཚོ་བོད་ས་མཐོའི་ས་བབ་སྨི་3000ཡོད་པའི་སྐྱེ་ཁམས་ཁོར་ཡུག་དྭངས་གཙང་ལ་བརྟེན་ནས། མཚོ་སྔོན་གྱི་ཞིང་འབྲོག་ཐོན་རྫས་ལ་ཐུན་མོང་མ་ཡིན་པའི་སྤུས་ཚད་ཀྱི་ལེགས་ཆ་ཆགས་ཡོད། དེའི་ནང་ཆུ་གྲང་ཉ་སན་ཝུན་དེ་ཡོ་རོབ་ལ་ཕྱིར་གཏོང་གི་ཆོག་མཆན་ཐོབ་པའི་རྒྱལ་ནང་གི་ཉ་རིགས་ཐོན་རྫས་དང་པོར་གྱུར་པ་དང་ཚྭ་འདམ་གྱི་འདྲེ་ཚེར་མ་དེ་ཀྲུང་གོའི་ཡོ་རོབ་མནའ་འབྲེལ་གྱི་སྲུང་སྐྱོང་ས་ཁམས་མཚོན་རྟགས་ཀྱི་ཞིང་ལས་ཐོན་རྫས་ཁག་དང་པོའི་ངོས་ནས་སྤུས་རྟགས་ཀྱི་རིན་ཐང་སྒོར་དུང་ཕྱུར་90ལས་བརྒལ་ཡོད་པ་རེད།

    གཞན་ཡང་། འགྲེམས་ཁུལ་དུ་ད་དུང་མཚོ་སྔོན་ཞིང་ཆེན་མཁོ་ཚོང་མཉམ་ལས་ཁང་དང་མཉམ་འབྲེལ་མཉམ་ལས་ཁང་གི་ཆེད་ཁུལ་བཙུགས་ནས་ཁེ་ལས་50ལྷག་ཙམ་གྱི་ཁྱད་ལྡན་ཐོན་རྫས་རིགས་130ལྷག་ཙམ་བདམས་ནས་མི་རིགས་ལག་ཤེས་ཐོན་རྫས་ནས་ནས་ཀྱི་ཏན་ཞིམ་དང་འདྲེ་ཚེར་མའི་ཁུ་བའི་བར་མཚོ་སྔོན་གྱི་ཞིང་འབྲོག་ཐོན་རྫས་ཀྱི་སྣ་མང་རང་བཞིན་ཕྱོགས་ཡོངས་ནས་འགྲེམས་སྟོན་བྱ་རྒྱུ་ཡིན་པ་རེད། ཐོན་རྫས་དེ་དག་ནི་ས་མཐོའི་སྐྱེ་ཁམས་ཀྱི་ལག་རྟགས་རེད་ལ་མཚོ་སྔོན་གྱིས་གྲོང་གསེབ་དར་རྒྱས་དང་ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་འདེད་གཏོང་བའི་གཞི་རྟེན་གལ་ཆེན་ཞིག་ཀྱང་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།