དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཞིང་ཆེན་གཞན་དུ་བོད་ལྗོངས་ཀྱི་སྤྱི་ཚོགས་འགན་སྲུང་གཱ་སྤྱོད་ས་གཉིས་མང་དུ་བཏང་བ།

    ཧྲའན་ཤིས་ཞིང་ཆེན་ཤིས་ཨན་གྲོང་ཁྱེར་དང་ཞན་དབྱང་གྲོང་ཁྱེར་ཞབས་ཞུའི་ཁྱབ་ཁོངས་སུ་དངོས་སུ་བཅུག་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-26

    ཞིང་ཆེན་གཞན་དུ་ཟླ་6ཚེས་24ཉིན་ནས་བཟུང་། རང་ལྗོངས་ཀྱི་སྤྱི་ཚོགས་འགན་སྲུང་གཱ་སྤྱོད་ས་གཉིས་མང་དུ་བཏང་བ་སྟེ། ཧྲའན་ཤིས་ཞིང་ཆེན་ཤིས་ཨན་གྲོང་ཁྱེར་དང་ཞན་དབྱང་གྲོང་ཁྱེར་དངོས་སུ་ཞབས་ཞུའི་ཁྱབ་ཁོངས་སུ་བཅུག་ནས་སྨན་བཅོས་དང་། འགྲིམ་འགྲུལ། ཉོ་སྒྲུབ་སོགས་སུ་སྤྱི་ཚོགས་འགན་སྲུང་གཱ་སྤྱོད་ཚད་ཕྱོགས་ཡོངས་ནས་རིམ་སྤོར་བྱས་ཡོད།

    ཟླ་བ་བདུན་པ་ནས་བཟུང་། རང་ལྗོངས་ཀྱི་མི་སྤྱི་སོགས་འབྲེལ་ཡོད་སྡེ་ཚན་གྱིས་འཛུགས་སྐྲུན་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་དང་བཟོ་ཚོང་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་དང་མཉམ་འབྲེལ་བྱས་ཏེ་ཟླ་རེའི་ཚེས་25ཉིན་ཤིས་ཨན་དོན་གཅོད་ཁྲུའུ་དང་བོད་ལྗོངས་མི་རིགས་སློབ་ཆེན་དུ་སྤྱི་ཚོགས་འགན་སྲུང་གཱ་རེ་ཞུ་དང་། སྤྱོད་པ། གསབ་བརྗེ་སོགས་ཀྱི་ལས་སྒོ་ཁག་10གཉེར་བ་དང་། ཕྱིས་སུ་ད་དུང་བོད་ལྗོངས་མི་རིགས་སློབ་ཆེན་སོགས་སུ་རང་འདོད་ཞབས་ཞུའི་སྒྲིག་ཆས་ཡུན་རིང་བཀོད་སྒྲིག་བྱས་ནས་འཚོ་གནས་དཔང་ལེན་སོགས་ཀྱི་ལས་སྒོ་ས་གནས་གཞན་དུ་རང་འདོད་སྒྲུབ་གཉེར་བྱས་ཏེ་ཞབས་ཞུའི་བྱེད་ཐབས་དེ་བས་སྟབས་བདེ་རུ་གཏོང་རྒྱུ་རེད། དེ་དང་ཆབས་ཅིག འགན་བཅོལ་ནང་ཞུགས་མཁན་གྱིས་གཱ་ཁྱེར་ནས་ཧྲའན་ཤིས་ཞིང་ཆེན་གྱི་དམིགས་འཛུགས་སྨན་བཅོས་སྒྲིག་གཞིའི་བརྒྱུད་རིམ་ནས“སྨན་བཅོས་ཀྱི་གཱ་གཅིག་ཀུན་འཐུས”ལོངས་སུ་སྤྱོད་ཆོག་པ་དང་། འགྲིམ་འགྲུལ་ཉོ་སྒྲུབ་ཀྱི“དམངས་ཕན་བྱེད་སྒོའི”ནང་སྤྱི་ཚོགས་འགན་སྲུང་གཱ་ཡོད་པའི་རང་ལྗོངས་ཀྱི་མང་ཚོགས་ཀྱིས་སྤྲིན་རྩིས་མྱུར་སྤྲོད་APPཕབ་ལེན་དང་སྤྱི་ཚོགས་འགན་སྲུང་གཱ་དངུལ་ཁང་གི་རྩིས་ཁྲ་དང་མཉམ་དུ་བསྒྲིལ་ཚེ། ཤིས་ཨན་གྲོང་ཁྱེར་དང་ཞན་དབྱང་གྲོང་ཁྱེར་དུ་ས་འོག་ལྕགས་ལམ་དང་སྤྱི་སྤྱོད་རླངས་འཁོར་སྡོད་པའི་གཟིགས་སྐྱོང་ཉེན་རེར་ཐེངས་གཉིས་ལོངས་སྤྱོད་ཆོག་པ་དང་། ཟླ་བ་བདུན་པ་ནས་བཟུང་། ད་དུང་ཧྲའན་ཤིས་ཞིང་ཆེན་ནང་གི་དམིགས་འཛུགས་ཚོང་ཁང་སྒོ་རྩིས་ཚོང་ཁང་ནས་ཅ་ལག་ཉོ་སྐབས་གཟིགས་སྐྱོང་ལོངས་སྤྱོད་ཆོག་གི་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། གོམ་སྟབས་རྗེས་མར། རང་སྐྱོང་ལྗོངས་མི་སྤྱི་ཐིང་གིས་ཁུལ་ཁོངས་མཉམ་ལས་ཟབ་ཏུ་གཏོང་བ་དང་། སྤྱི་ཚོགས་འགན་སྲུང་གཱ་ཡི་ས་གནས་མང་པོའི་ལས་སྒོ་མཐུན་སྦྱོར་དང་གྲངས་གཞི་མཉམ་སྤྱོད་ལ་སྐུལ་འདེད་གཏོང་བ། སྤྱོད་ཡུལ་མང་དུ་གཏོང་བ་བཅས་བྱས་ཏེ་སྤྱི་ཚོགས་འགན་སྲུང་གཱ་རང་ལྗོངས་ཀྱི་མང་ཚོགས་ཀྱི“སྙིང་ཉེའི་གཱ”དང་། “དྲོ་སྐྱིད་གཱ” “བློ་བདེའི་གཱ”བཅས་སུ་འགྱུར་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།