དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • གོང་དཔེ་འོག་སྟོན་གྱིས་དར་སྲོལ་ཆགས་པར་བྱེད་དགོས།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལིའུ་ཧུའེ་པི། ཉིའུ་ཧྲའོ་ཅེ།   |     སྤེལ་དུས།  2025-06-26

    འགོ་ཁྲིད་ལས་བྱེད་པའི་སྤྱོད་ཚུལ་ནི་ཏང་ནང་ཁུལ་གྱི་དར་སྲོལ་དང་ཆབ་སྲིད་ཁོར་ཡུག་དང་ཐད་ཀར་འབྲེལ་བ་ཡོད་པ་མ་ཟད། དམངས་སེམས་གཏད་ཕྱོགས་དང་ཡང་འབྲེལ་བ་ཡོད་པས། ཏང་གི་མང་ཚོགས་ཀྱི་རྨང་གཞི་གཏན་འཁེལ་བྱེད་ཀྱི་ཡོད། འགོ་ཁྲིད་ལས་བྱེད་པའི་སྤྱོད་ཚུལ་གྱི་འགག་སྒོ་དམ་ནན་བྱུང་ཚེ། ཏང་སྲོལ་དང་སྤྱི་ཚོགས་ཀྱི་དར་སྲོལ་གཞི་ནས་ལེགས་སུ་འགྲོ་ཐུབ། སྤྱོད་ཚུལ་ལེགས་སུ་གཏོང་བར། ངེས་པར་དུ་གོང་ནས་འོག་བར་དང་གོང་དཔེ་འོག་སྟོན་བྱེད་དགོས་ལ། འགོ་ཁྲིད་ལས་བྱེད་པས་མིག་དཔེ་འདོན་པ་དང་། ཚད་ཤིང་འཛུགས་པ། འགོ་ཡག་པོ་ཁྲིད་པ་བཅས་བྱས་ནས། མཐའ་གཅིག་ཏུ་དོན་འཁྱོལ་དང་དམིགས་སར་དོན་འཁྱོལ་བྱས་ཚེ། གཞི་ནས་གོང་དཔེ་འོག་དར་ཐུབ་ངེས་རེད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་བཟོས་ནས་དོན་འཁྱོལ་བྱེད་པ་དང་འགོ་རྩོམ་འགག་རྟོལ་བྱས་ཏེ་ཀྲུང་དབྱང་ཆབ་སྲིད་ཅུས་ནས་འགོ་བརྩམས་པ་དང་འགོ་ཁྲིད་ལས་བྱེད་པ་ནས་དམ་འཛིན་མཐའ་འཁྱོངས་ཀྱིས་གོང་དཔེ་འོག་སྟོན་ལ་བརྟེན་ནས་ལས་ཀའི་སྤྱོད་ཚུལ་ལེགས་སུ་བཏང་ཡོད། ཏང་ཀྲུང་དབྱང་གིས་གཟེར་འདེབས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་རྒྱུན་སྲིང་ལྷོད་མེད་ངང“སྤྱོད་ཚུལ་བཞི”ཡོ་བསྲང་དང་། དམིགས་བསལ་དབང་ཆའི་བསམ་བློ་དང་སྣང་ཚུལ་ལ་ངོ་རྒོལ་བྱེད་པ། གཞུང་དངུལ་བཏང་ནས་ལག་རྟགས་སྤྲོད་པ་དང་། གཞུང་དངུལ་བཏང་ནས་བཟའ་བཏུང་བྱེད་པ། གཞུང་དངུལ་བཏང་ནས་ཡུལ་སྐོར་བྱེད་པ། རྒྱས་སྤྲོས་ཆུད་ཟོས་སོགས་ཚུལ་མིན་སྤྱོད་ཚུལ་བཀག་འགོག་ནན་པོ་བྱས་པ། མང་ཚོགས་ཀྱི་བསམ་འཆར་མང་བ་དང་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད། གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བར་སྐུལ་འདེད། ཧུར་བསྲི་གྲོན་ཆུང་སྲོལ་གཏོད་དང་རྒྱས་སྤྲོས་འཕྲོ་བརླག་ལ་ངོ་རྒོལ་བཅས་བྱས་པར་བརྟེན། སྔོན་ཆད་བཀག་འགོག་བྱེད་མི་ཐུབ་པའི་སྤྱོད་ཚུལ་ངན་པ་ཁ་ཤས་བཀག་འགོག་ཐུབ་པ་དང་ལོ་མང་རིང་ཐག་གཅོད་དཀའ་བའི་གནད་དོན་བཅོས་སྒྲིག་ཐུབ་ནས་ཏང་སྲོལ་སྲིད་སྲོལ་དང་སྤྱི་ཚོགས་ཀྱི་དར་སྲོལ་གསར་རྐྱང་དུ་གྱུར་ཡོད།

    སྤྱོད་ཚུལ་འཛུགས་སྐྱོང་ནམ་ཡང་ཚར་དུས་མེད། སྤྱོད་ཚུལ་གྱི་གནད་དོན་ལ་བསྐྱར་ཟློས་རང་བཞིན་དང་ངན་རེངས་མཁྲེགས་བཟུང་གི་རང་བཞིན་ལྡན་པ་དང་། ས་ཆ་ལ་ལར་དམ་འཛིན་བྱེད་ཤུགས་ལྷུག་ཏུ་སོང་བ། ས་ཆ་ལ་ལར་ཁུག་ཆ་ལུས་པ། སྤྱོད་ཚུལ་ངན་པ་ཁ་ཤས་བསྐྱར་ལོག་བྱེད་པ་བཅས་ཀྱི་གནད་དོན་ངེས་པར་དུ་རིགས་པ་དྭངས་གསལ་ངང་ཤེས་རྟོགས་ཐུབ་པ་བྱེད་དགོས།

    ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་ཁྲོད། རིམ་ཁག་འགོ་ཁྲིད་ཚན་ཁག་གི་ཁོངས་མི་ཚོས་རང་འགུལ་ངང་གནད་དོན་ཁས་ལེན་པ་དང་། བཅོས་སྒྲིག་བྱེད་ཐབས་གནད་སྨིན་བཟོ་བ། གནད་དོན་གང་ཡོད་ན་དེ་ཐག་གཅོད་བྱེད་པ་དང་གནད་དོན་གང་ཞིག་མངོན་གསལ་དོད་ན་གཙོ་གནད་དུ་བཅོས་སྒྲིག་མཐའ་འཁྱོངས་བཅས་བྱས་ཏེ་དོན་ཚན་རེ་རེ་བཞིན་དོན་ཐོག་ཏུ་འཁྱོལ་རྒྱུར་དམ་འཛིན་བྱེད་དགོས།

    འགོ་ཁྲིད་ལས་བྱེད་པས་གཞན་དབང་གིས་སྤྱོད་ཚུལ་འཛུགས་སྐྱོང་ནང་ཞུགས་མཁན་ཞིག་མི་བྱེད་པར་ལག་ལེན་ཧུར་ཐག་བསྟར་མཁན་ཞིག་བྱས་ཏེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱ་རྒྱུ་དེ་རང་རྟོགས་ཀྱི་བྱ་སྤྱོད་དུ་བསྒྱུར་བར་བྱས་ནས་རང་དཔེ་གཞན་སྟོན་དང་། གོང་འོག་དཔེ་སྟོན། “འགག་རྩའི་ཉུང་ཤས”བཅས་ལ་བརྟེན་ནས“མང་ཆེ་བར”དཔེ་སྟོན་སྣེ་ཁྲིད་བྱེད་དགོས། རིམ་པ་གཅིག་གིས་དཔེ་སྟོན་བྱས་ནས་རིམ་པ་གཅིག་ལ་ལྟ་རུ་འཇུག་པ་དང་། རིམ་པ་གཅིག་གིས་རིམ་པ་གཅིག་ལ་སྣེ་ཁྲིད་བྱེད་པ། ཞིབ་ཕྲར་དམ་འཛིན། ཞན་ཆ་སེལ་བ། བསྐྱར་ལོག་འགོག་པ་བཅས་བྱས་ཏེ། ཏང་ཡོན་ལས་བྱེད་པས་གུས་སྐྲག་ཤེས་པ་དང་མི་དམངས་མང་ཚོགས་ལ་གདེང་ཚོད་ཡོད་པར་བྱེད་དགོས།

    (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་23ཉིན་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།