དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ས་གྲོང་ཁྱེར་གྱིས་འོས་སྐུལ་འོས་དཔོད་ཁྱབ་ཁོངས་ཀྱི་ལས་སྒོའི་གསོ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-26

    འོས་སྐུལ་འོས་དཔོད་ཁྱབ་ཁོངས་བཅོས་སྐྱོང་བྱེད་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་དང་སྤྱི་པའི་ཐོན་ཁུངས་ཉོ་ཚོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱོར་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གྱིས་གྲོང་ཁྱེར་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ཅུས་དང་མཉམ་དུ། 2025ལོའི་གྲོང་ཁྱེར་ཡོངས་ཀྱི་འོས་སྐུལ་འོས་དཔོད་ཁྱབ་ཁོངས་ཀྱི་ལས་སྒོའི་འཇོན་ཐང་ཆེ་རུ་གཏོང་བའི་ཆེད་དོན་གསོ་སྦྱོང་བྱས་པ་རེད།

    ད་ཐེངས་ཀྱི་གསོ་སྦྱོང་དེ་གྲོང་ཁྱེར་ཡོངས་ཀྱི་འོས་སྐུལ་བྱེད་པོ་དང་། ལས་རིགས་ཁག་གི་ལྟ་སྐུལ་སྡེ་ཚན། དེ་བཞིན་འོས་སྐུལ་ཚབ་གཉེར་སྒྲིག་གཞི་སོགས་ལ་ཁྱབ་ཡོད་པར། མི་300ལྷག་ཙམ་གསོ་སྦྱོང་ལ་ཞུགས་པའི་ཡིད་དབང་བཀུག་ཡོད། གཙོ་གཉེར་ཕྱོགས་ཀྱིས་ལས་སྒོའི་རྐང་འཛིན་པ་དང་རྒྱལ་ནང་གི་གྲཌ་ཅན་རིགས་གཅིག་མཁས་ཅན་ཆེད་མངགས་གདན་དྲངས་ཏེ། འོས་སྐུལ་གྱི་ལྟེ་བའི་ནང་དོན་ལ་དམིགས་ནས་སྲིད་ཇུས་དང་ཁྲིམས་སྲོལ་གསར་པར་གསལ་འགྲེལ་ཞིབ་ཚགས་བྱེད་པ་དང་། ཐོན་མང་ཞིང་དཀའ་གནད་ཆེ་བའི་གྱོད་དཔེར་དབྱེ་ཞིབ་ཡག་པོ་བྱེད་པ། བཀོལ་སྤྱོད་བརྒྱུད་རིམ་ཡོངས་ཚགས་དམ་པ་དང་ཚད་ལྡན་དུ་གཏོང་བ་བཅས་བྱས་ནས། སྲིད་ཇུས་ལ་རྒྱུས་ལོན་དང་ལག་ལེན་བྱེད་རིང་གི་སློབ་མ་ཚོའི་ཐུན་མོང་གི་དཀའ་གནད་ནུས་ཤུགས་ཡོད་རྒུས་བསལ་བ་དང་། ཁྲོམ་རའི་གཉེར་སྐྱོང་བྱེད་པོའི་ཁྲིམས་སྐྱོང་བསམ་གཞིག་དང་ཆེད་ལས་བྱང་ཚད་རྒྱུན་མཐུད་མཐོ་རུ་བཏང་བ་བརྒྱུད། འོས་སྐུལ་ཁྲོམ་རའི་ཁོར་ཡུག་དེ་བས་ཚད་ལྡན་དང་སྤྱི་པའི་ཐོན་ཁུངས་བཀོད་སྒྲིག་བྱེད་ཚད་ལེགས་སུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།