དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ས་མཐོའི་ཡང་རྩེའི་སྒྱུ་རྩལ་མཁས་ཅན་བོད་དུ་བསྐྱོད་ནས་རི་མོ་འབྲི་བའི་བྱེད་སྒོ་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-06-25

    བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བ་དང་། ཀྲུང་ཧྭའི་རིག་གནས་ཀྱི་འཕེལ་རྒྱུན་རྒྱུན་འཛིན་བྱེད་པ། ས་མཐོའི་བྲིས་རྒྱུན་གྱི་ཤུགས་རྐྱེན་ཐེབས་ནུས་ཆེ་རུ་གཏོང་བ་བཅས་བྱ་ཆེད། ཉེ་ཆར། “རིག་གནས་ཀྱི་བོད་ལྗོངས། མཁའ་དབྱིངས་ཀྱི་མཛེས་རིས”ཞེས་པའི་ས་མཐོའི་ཡང་རྩེའི་སྒྱུ་རྩལ་མཁས་ཅན་བོད་དུ་བསྐྱོད་ནས་རི་མོ་འབྲི་བའི་བྱེད་སྒོ་ལྷ་སར་འགོ་ཚུགས་པ་རེད།

    གསར་འགོད་པར་ཤེས་རྟོགས་བྱུང་བར། ད་རེས་ཀྱི“རིག་གནས་ཀྱི་བོད་ལྗོངས། མཁའ་དབྱིངས་ཀྱི་མཛེས་རིས”ཞེས་པའི་ས་མཐོའི་ཡང་རྩེའི་སྒྱུ་རྩལ་མཁས་ཅན་བོད་དུ་བསྐྱོད་ནས་རི་མོ་འབྲི་བའི་བྱེད་སྒོ་སྤེལ་རིང་། སྒྱུ་རྩལ་མཁས་ཅན་ཚོས་ཕོ་བྲང་པོ་ཏ་ལ་དང་། བར་སྐོར། གནམ་མཚོ། ཁྲ་འབྲུག་དགོན། ཡར་འབྲོག་གཡུ་མཚོ་སོགས་གྲགས་ཅན་མཛེས་ལྗོངས་ཁུལ་དུ་བསྐྱོད་རྒྱུ་ཡིན་པ་མ་ཟད། ཐང་བོད་གནའ་ལམ་གྱི་ལྷ་ས་ནས་ཆབ་མདོ་བར་གྱི་ལམ་བུ་དེད་ནས་སྙེའུ་ཁམ་བུའི་མེ་ཏོག་ལུང་ཤུར་དང་། མདོག་གསུམ་མཚོ། ལོ་ངོ་སྟོང་གི་གླ་ཚེར་ནགས་ཚལ། རྩེ་དྲུག་དགོན། གཙུག་ལག་ཁྲ་འཁྱིལ་མ། ཁམས་པའི་མེ་ཏོག་གི་ཞིང་ཁམས་སོགས་གྲགས་ཅན་མཛེས་ལྗོངས་ཡོད་སར་བསྐྱོད་དེ་ས་གནས་ས་ཐོག་ཏུ་རི་མོ་བྲིས་ནས་སྒྱུ་རྩལ་མཁས་ཅན་ཚོས་དམིགས་བསལ་གྱི་མཐོང་སྣང་ལ་བརྟེན་ནས་བོད་ཀྱི་བརྗིད་ཆགས་ཉམས་དགའ་བའི་མཛེས་ལྗོངས་གཟུགས་སུ་བཀོད་དེ། གནས་འདིའི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་རི་མོའི་ལམ་ནས་མཚོན་པར་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།