དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་བྱུང་ཐོན་ཁུངས་པུས་རྨོ་ཞིང་སྲུང་སྐྱོང་གི་སྲིད་ཇུས་བྱེད་ཐབས་འཐུས་སྒོ་ཚང་དུ་བཏང་བ།

    རྨོ་ཞིང་གོ་རིམ་ལྡན་པའི་ངང་སླར་གསོའམ་བརྗེ་ལེན་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-06-25

    གསར་འགོད་པར་རང་བྱུང་ཐོན་ཁུངས་པུའུ་ཡིས་འཚོགས་པའི“གཞི་རིམ་གྱི་དཀའ་གནད་སེལ་བ་དང་བྱ་བ་དངོས་སྒྲུབ་པའི”སྨྱན་སྦྱོར་གྱི་བཞུགས་མོལ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། རྨོ་ཞིང་སྲུང་སྐྱོང་གི་སྲིད་ཇུས་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་ཆེད། རང་བྱུང་ཐོན་ཁུངས་པུས་ས་གནས་ཁག་ལ་ལོ་རྒྱུས་ཐོག་རྨོ་ཞིང་བཟུང་སྤྱོད་བྱས་ནས་ཤིང་འཛུགས་པ་དང་། འབྲས་ཤིང་འཛུགས་པ། ཇ་ལོ་འདེབས་འཛུགས་སོགས་ལས་བྱུང་བའི་རྨོ་ཞིང་ཤོར་བའི་གནད་དོན་ལ་ཁྲིད་སྟོན་བྱས་ནས་དོན་དངོས་གནས་ཚུལ་ལ་གཞིགས་ཏེ་རིགས་དབྱེ་ནས་བར་བརྒལ་དུས་ཚིགས་ལུགས་མཐུན་ངང་བཀོད་སྒྲིག་བྱས་ཡོད། བར་བརྒལ་དུས་ཚིགས་རིང“ཁག་གཅིག་ངོས་འཛིན”དང་། “ཁག་གཅིག་སླར་གསོ” “ཁག་གཅིག་བརྗེ་ལེན”བཅས་ཀྱི་བྱེད་སྟངས་ལ་གཞིགས་ནས་རྨོ་ཞིང་རིམ་བཞིན་གོ་རིམ་ལྡན་པའི་ངང་སླར་གསོའམ་བརྗེ་ལེན་བྱས་ཏེ། མང་ཚོགས་ལ་དུས་ཚོད་འདང་ངེས་ཀྱིས་སྐྱེ་དངོས་རིགས་འདེབས་འཛུགས་བྱེད་དུ་འཇུག་པ་དང་གཞི་རིམ་སྲིད་གཞུང་ལ་དུས་ཚོད་འདང་ངེས་ཀྱིས་ཐོན་ལས་འཕེལ་རྒྱས་ལེགས་གཏོང་ཐུབ་པར་བྱས་ཡོད། བར་བརྒལ་དུས་ཚིགས་ཁྱབ་ཁོངས་ནང་བཅུག་པའི་ས་ཆར་རྨོ་ཞིང་སྲུང་སྐྱོང་གི་དཔྱད་ཞིབ་ཁྲོད་སྤྱི་འདོམས་བསམ་གཞིག་བྱས་ནས་རིམ་པ་ཁག་གི་རྨོ་ཞིང་སྲུང་སྐྱོང་གི་བྱེད་པོའི་འགན་འཁྲི་ནན་དུ་གཏོང་རྒྱུ་མ་ཟད། གཞི་རིམ་གྱི་ཁུར་པོའང་ཡང་དུ་ཏན་ཏིག་བཏང་ནས་ཞིང་པའི་ཁེ་དབང་སྲུང་སྐྱོང་བྱ་རྒྱུ་རེད།

    གཞན་ཡང་། ངོ་སྤྲོད་བྱས་པར་གཞིགས་ན། གཙོ་གནད་རྣམ་གྲངས་དམིགས་སར་འཁྱོལ་བའི་འགན་ལེན་བྱ་ཆེད། རང་བྱུང་ཐོན་ཁུངས་པུས་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་རྐྱེན་སྣ་ཚོགས་སྤྱི་འདོམས་བཀོད་སྒྲིག་བྱས་ནས་ས་སྤྱོད་དང་ནགས་སྤྱོད་རྩྭ་སྤྱོད་མཚོ་སྤྱོད་བཅས་ཀྱི་མཉམ་འགུལ་ཞིབ་མཆན་ལ་སྐུལ་འདེད་བཏང་ནས་རྒྱུ་རྐྱེན་གཙོ་བོའི་འགན་ལེན་གྱི“དོན་དག་རེ་ཐེངས་རེར་སྒྲུབ་ཐུབ་པ”བྱ་རྒྱུ་རེད། འདི་ལོ་ཚུན་དུ་ཞིང་ཆེན་12ཀྱིས་གཅིག་རྗེས་གཉིས་མཐུད་ངང་ཞིང་ཆེན་རིམ་པའི་རིམ་ངོས་ཀྱི་ལག་བསྟར་ཇུས་གཞི་བཟོས་པ་དང་། ཞིང་ཆེན་15ཡིས་མཉམ་འགུལ་ཞིབ་མཆན་འགོད་སྟངས་སྤྱད་དེ་རྣམ་གྲངས་958ལ་ཆོག་མཆན་སྤྲད་པ། གནས་ཚུལ་མི་འདྲ་བར་གཞིགས་ནས་ཞིབ་མཆན་དཔྱད་གཞི་5ནས་19བར་ཉུང་དུ་བཏང་བ་དང་། ལས་ཀའི་ལྷུ་ཚིགས་8ནས་20བར་ཉུང་འཕྲི་བྱས་པས་ཆ་སྙོམས་ཞིབ་མཆན་གྱི་དུས་ཚོད་25%བར་ཐུང་དུ་ཕྱིན་པ། རྣམ་གྲངས་ཁག་གཅིག་ལ་80%ཟིན་པ། ཞིབ་མཆན་གྱི་དུས་ཚོད་ཅུང་ཐུང་རིགས་ཉིན་10ཙམ་བར་ཐུང་དུ་གཏོང་ཆོག་པ་དང་དུས་ཚོད་ཅུང་རིང་བ་ཡང་50%ཙམ་བར་ཐུང་དུ་གཏོང་ཆོག་གི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།