དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2025ལོའི་མཐོ་རྒྱུགས་ཀྱི“སྤྲིན་ཚོམ་བློ་འདྲིའི་གཟའ་འཁོར”བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-06-25

    གསར་འགོད་པས་སློབ་གསོ་པུའུ་ནས་ཤེས་རྟོགས་བྱས་པར། སློབ་གསོ་པུའི“2025ལོའི་མཐོ་རྒྱུགས་སྲུང་སྐྱེལ་བྱ་སྤྱོད”ཀྱི་འབྲེལ་ཡོད་བཀོད་སྒྲིག་གཞིར་བཟུང་། ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ཁག་གི་མཐོ་རྒྱུགས་ཀྱི་རེའུ་མིག་རྒྱོང་བའི་དུས་ཚོད་ཀྱི་བཀོད་སྒྲིག་དང་ཟུང་འབྲེལ་བྱས་ཏེ། 2025ལོའི་མཐོ་རྒྱུགས་ཀྱི“སྤྲིན་ཚོམ་བློ་འདྲིའི་གཟའ་འཁོར”བྱེད་སྒོ་ཟླ་6ཚེས་22ནས་28ཉིན་བར་སློབ་གསོ་པུའི“ཀུན་གསལ་མཐོ་རྒྱུགས”ཀྱི་ཆ་འཕྲིན་ལས་སྟེགས་སུ་སྤེལ་རྒྱུ་རེད།

    བྱེད་སྒོའི་རིང་། ལས་སྟེགས་དེས་ཡིག་ཐོག་དྲིས་ལན་འདེབས་པ་དང་བརྙན་ལམ་ཐད་གཏོང་གི་བློ་འདྲི་བྱེད་ཐབས་གཉིས་མཁོ་འདོན་བྱ་རྒྱུ་ཡིན་པ་དང་། ཡིག་ཐོག་དྲིས་ལན་འདེབས་པ་དང་བློ་འདྲིའི་དུས་ཚོད་ནི་ཆུ་ཚོད་9པ་ནས་ཆུ་ཚོད་17བར་ཡིན་པ་དང་། མཐོ་སློབ་ཀྱིས་བརྙན་ལམ་ཐད་གཏོང་གི་བྱེད་ཐབས་ཧུར་ཐག་སྤྱད་དེ་སློབ་བསྡུའི་དྲིལ་བསྒྲགས་དང་བློ་འདྲི་བྱེད་པར་སྐུལ་ལྕག་བྱ་རྒྱུ་རེད། རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་གིས་སློབ་གསོ་པུའི“ཀུན་གསལ་མཐོ་རྒྱུགས”ཆ་འཕྲིན་ལས་སྟེགས་ཀྱི་དྲ་ངོས་དང་། “ཀུན་གསལ་མཐོ་རྒྱུགས”ཆ་འཕྲིན་ལས་སྟེགས་ཀྱི་སྐད་འཕྲིན་སྤྱི་རྟགས། “ཀུན་གསལ་མཐོ་རྒྱུགས”འབེལ་འདུ་བྱ་རིམ་ཆུང་གྲས་སོགས་བརྒྱུད་དེ“སྤྲིན་ཚོམ་བློ་འདྲིའི་གཟའ་འཁོར”བྱེད་སྒོའི་ནང་ཞུགས་ནས་འབྲེལ་ཡོད་མཐོ་སློབ་ཀྱི་བརྙན་ལམ་ཐད་གཏོང་བྱེད་སྒོའི་བཀོད་སྒྲིག་ཤེས་རྟོགས་བྱེད་ཆོག

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།