དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • མཉམ་འབྲེལ་རྒྱལ་ཚོགས་ཀྱི“ཤེས་དཔལ་གླེང་མོལ་གྱི་རྒྱལ་སྤྱིའི་ཉིན་མོའི”བརྗོད་དོན་གཙོ་བོའི་བྱེད་སྒོ་དང་པོར་དམིཌ་པ།

    ཤེས་དཔལ་གླེང་མོལ་ལ་སྐུལ་འདེད་བཏང་ནས་མཛེས་སྡུག་ལྡན་པའི་འཛམ་གླིང་མཉམ་དུ་སྐྲུན།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ལིའུ་ཧོ།   |     སྤེལ་དུས།  2025-06-25

    འདི་ནི་ཀྲུང་དབྱང་མི་རིགས་རོལ་དབྱངས་ཚོགས་པས་ཝི་ཨེན་ན་མཉམ་འབྲེལ་རྒྱལ་ཚོགས་གྲོང་དུ་རོལ་མོ་དཀྲོལ་བཞིན་པ།

    ཝི་ཨེན་ནར་རྒྱུན་སྡོད་ཀྲུང་གོའི་འཐུས་མི་ཚོགས་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཝི་ཨེན་ན་དོན་གཅོད་ཁྲུའུ་ཡིས་ཝི་ཨེན་ནའི་མཉམ་འབྲེལ་རྒྱལ་ཚོགས་གྲོང་དུ“ཤེས་དཔལ་གླེང་མོལ་གྱི་རྒྱལ་སྤྱིའི་ཉིན་མོའི”བརྗོད་དོན་གཙོ་བོའི་བྱེད་སྒོ་མཉམ་དུ་སྤེལ་བ་རེད། བྱེད་སྒོར་ཞུགས་པའི་རྒྱལ་ཁབ་ཁག་གི་མི་སྣས“ཤེས་དཔལ་གླེང་མོལ་གྱི་རྒྱལ་སྤྱིའི་ཉིན་མོའི”བྱེད་སྒོ་དེས་ཤེས་དཔལ་མི་འདྲ་བའི་དབར་གྱི་ཕྱོགས་ཞེན་དང་གོ་ནོར་མེད་པར་བཟོ་བ་དང་། བསམ་ཤེས་དང་ཡིད་ཆེས་ཟབ་ཏུ་གཏོང་རྒྱུར་ནུས་པ་གལ་ཆེན་བཏོན་ཏེ། མིའི་རིགས་ཀྱི་སྤྱི་ཚོགས་མཐུན་སྒྲིལ་ཡར་ཐོན་དང་ཐུན་མོང་དར་རྒྱས་ཡོང་བར་སྟོབས་ཤུགས་ཆེན་པོ་བསྣན་ཡོད་ཅེས་བརྗོད་པ་རེད།

    “གླེང་མོལ་ནི་ཕན་ཚུན་བརྩི་འཇོག་དང་བསམ་ཤེས་མངོན་འགྱུར་བྱེད་པའི་ལག་ཆ་ནུས་ལྡན་ཞིག་ཡིན་པར་ཡིད་ཆེས་བརྟན་པོ་ཡོད”

    2024ལོའི་ཟླ་6པར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་བརྒྱད་པའི་ཐོག་ཀྲུང་གོས་བཏོན་པའི“ཤེས་དཔལ་གླེང་མོལ་གྱི་རྒྱལ་སྤྱིའི་ཉིན་མོ”འཛུགས་རྒྱུའི་གྲོས་ཆོད་ལ་མགྲིན་གཅིག་ཏུ་གྲོས་འཆམ་བྱུང་བ་དང་། ལོ་རེའི་ཟླ་6པའི་ཚེས་10ཉིན་དེ“ཤེས་དཔལ་གླེང་མོལ་གྱི་རྒྱལ་སྤྱིའི་ཉིན་མོར”གཏན་འཁེལ་བྱས་པ་རེད། དེ་ནི་ཀྲུང་གོས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་ལག་བསྟར་ཧུར་ཐག་བྱས་ནས་ཤེས་དཔལ་མི་འདྲ་བའི་དབར་འདྲ་མཉམ་སྤེལ་རེས་དང་སྐད་ཆ་ཤོད་རེས་ལ་སྐུལ་འདེད་གཏོང་བ་དང་། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བ་ཞིག་རེད།

    “མིག་སྔའི་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་འོག་གླེང་མོལ་དེ་སྔོན་ཆད་ཀྱི་དུས་གང་རུང་ཞིག་ལས་ཀྱང་གལ་འགངས་ཆེ་བ་ཡོད” མཉམ་འབྲེལ་རྒྱལ་ཚོགས་ཝི་ཨེན་ནའི་དོན་གཅོད་ཁྲུའུ་ཡི་སྤྱི་ཁྱབ་ཀན་ཧྲི་ཝ་ལིས་ཀྲུང་གོས་ཤེས་དཔལ་ལྡན་པའི་གླེང་མོལ་ལ་སྐུལ་འདེད་གཏོང་བར་བཏོན་པའི་སྣེ་ཁྲིད་ཀྱི་ནུས་པར་ཚད་མཐོའི་གདེང་འཇོག་བྱས་པ་རེད། ཁོང་གིས། ཀྲུང་གོས“ཤེས་དཔལ་གླེང་མོལ་གྱི་རྒྱལ་སྤྱིའི་ཉིན་མོ”འཛུགས་པར་སྐུལ་འདེད་བཏང་བ་དེས་འབྲེལ་གཏུག་ལ་སྐུལ་འདེད་གཏོང་བ་དང་། སྦྲེལ་ཟམ་འཛུགས་པ། ལྷག་བསམ་ཟོལ་མེད་ཀྱི་ཡིད་ཆེས་ལ་བརྟེན་ནས་མཉམ་ལས་ཟབ་ཏུ་གཏོང་བ་བཅས་ལ་ཕན་ཐོགས་ཡོད་པ་མ་ཟད། དེ་ནི་གྲོས་མོལ་གཅིག་མཐུན་དང་མཐུན་སྒྲིལ་མཉམ་ལས་བྱེད་པའི“ཝི་ཨེན་ནའི་སྙིང་སྟོབས”དང་ཡང་ཧ་ཅང་མཐུན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ཝ་ལིས“མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་ནས་ལོ་80འཁོར་བའི་སྐབས་སུ་གོ་ལ་ཧྲིལ་པོས་མཉམ་འབྲེལ་རྒྱལ་ཚོགས་དང་ཕྱོགས་མང་རིང་ལུགས་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་དེ་བས་བྱེད་དགོས་པ་དང་། གླེང་མོལ་ནི་ཕན་ཚུན་བརྩི་འཇོག་དང་བསམ་ཤེས་མངོན་འགྱུར་བྱེད་པའི་ལག་ཆ་ནུས་ལྡན་ཞིག་ཡིན་པར་ཡིད་ཆེས་བརྟན་པོ་ཡོད”ཅེས་བརྗོད་པ་རེད།

    མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཝི་ཨེན་ན་དོན་གཅོད་ཁྲུའུ་དང་རྒྱལ་སྤྱིའི་རྩ་འཛུགས་གཞན་དག་ཏུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་ལི་སུང་གིས་བརྗོད་དོན། གོ་ལ་ཧྲིལ་པོའི་ས་གནས་ཁག་ཏུ་ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་གཞི་དང་མཉམ་དུ“ཤེས་དཔལ་གླེང་མོལ་གྱི་རྒྱལ་སྤྱིའི་ཉིན་མོའི”བརྗོད་དོན་གཙོ་བོའི་བྱེད་སྒོ་གཉེར་བ་ནི་འཛམ་གླིང་གི་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་བའི་བྱ་ཐབས་གསར་པ་ཞིག་རེད། ཝི་ཨེན་ནར་རྒྱུན་སྡོད་ཀྲུང་གོའི་འཐུས་མི་ཚོགས་པས་ཕྱོགས་ཁག་དང་མཉམ་དུ་ཝི་ཨེན་ནའི་ཕྱོགས་མང་ལས་སྟེགས་སུ་གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་ལག་བསྟར་ཧུར་ཐག་བྱས་ཏེ། ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་བཟུང་སྟེ་ཕྱོགས་མང་རིང་ལུགས་ངོ་མར་སྐུལ་འདེད་གཏོང་བ་དང་། འདྲ་མཉམ་བསྟུན་མཁས་དང་གཉིས་ཁེ་གཉིས་ཕན་གྱི་སྙིང་སྟོབས་ཐོག་ནས་ཁྱབ་ཁོངས་ཁག་གི་ཕྱོགས་མང་མཉམ་ལས་ལ་འབད་བརྩོན་ཧུར་ཐག་བྱེད་འདོད་ཡོད།

    “འཛམ་གླིང་ཤེས་དཔལ་གྱི་སྣ་མང་རང་བཞིན་དང་བསྟུན་མཁས་རང་བཞིན་གྱི་གསོན་ཉམས་དོད་པའི་མཚོན་ཚུལ”

    ཕྱོགས་ཁག་གི་སྐུ་མགྲོན་ཚོ“《ཤེས་དཔལ་གྱི་བསྒྲགས་གཏམ》——མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོཌ་པའི་མཛེས་སྡུག་ལྡན་པའི་རི་མོའི”མདུན་དུ་ལངས་ནས་ཡུན་རིང་ལྟ་བཞིན་འདུག རི་མོ་རིང་པོ་དེར་ཀྲུང་གོའི་སྲོལ་རྒྱུན་གྱི་ལག་ཤེས་དང་དེང་རབས་པར་འདེབས་ཟུང་འབྲེལ་གྱི་ཐབས་ལ་བརྟེན་ནས་སྦྱར་འཚེམ་བྱས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐད་ཡིག་རིགས་དྲུག་གྱི་ཐོག་ནས《ཤེས་དཔལ་གྱི་བསྒྲགས་གཏམ》དང《གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོའི》དེབ་བསྒྲགས་ཤིང་། འཛམ་གླིང་གི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་མིའི་རྒྱལ་ཁབ་193དང་ལྟ་ཞིབ་རྒྱལ་ཁབ་2ཀྱི་འཛམ་གླིང་གི་ཤུལ་བཞག་དང་མངོན་མིན་རིག་གནས་ཤུལ་བཞག་མཚོན་བྱེད་དུ་བྱས་ཏེ། མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་གསལ་བོར་བསྟན་ནས་ཤེས་དཔལ་ཕན་ཚུན་སྤེལ་རེས་བྱེད་པའི་མཐོང་ཚོར་མ་ལག་བསྐྲུན་ཡོད་པ་རེད།

    ཨོ་སི་ཁྲུ་རི་ཡའི་རྒྱ་རིག་པའི་མཁས་ཅན་ལི་ཁྲ་ཏི·ཐེ་ལ་ཕུར་གྱིས་1975ལོར་ཀྲུང་གོར་འཚམས་འདྲི་ཐེངས་དང་པོ་བྱས་ནས་ཀྲུང་གོ་དང་དུས་རབས་ཕྱེད་ཙམ་གྱི་མཛའ་བརྩེའི་འབྲེལ་བའི་འགོ་བཙུགས་ཡོད། “ང་རང་ཀྲུང་གོའི་ས་ཆ་མང་པོར་སྐྱོད་མྱོང་ཡོད། ཀྲུང་གོའི་སྲོལ་རྒྱུན་རིག་གནས་ལ་རྒྱུས་མངའ་ཟབ་ཏུ་ཕྱིན་ནས་རྒྱ་ཆེ་ཞིང་གཏིང་ཟབ་པའི་ཀྲུང་ཧྭའི་རིག་གནས་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ལས་འཛམ་གླིང་ལ་ཤུགས་རྐྱེན་ཟབ་མོ་ཐེབས་པར་མྱོང་ཚོར་ཟབ་མོ་བྱུང”ཞེས་ཐེ་ལཱ་ཕུར་གྱིས་བརྗོད་པ་དང་། ཁོང་གིས། རིག་གནས་སྤེལ་རེས་ལས་སེམས་ཀྱི་འཇིག་རྟེན་ཕུན་སུམ་ཚོགས་སུ་ཕྱིན་པས། དེ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱུས་མངའ་དང་མཉམ་ལས་བྱེད་པའི་ལག་ཆ་གལ་ཆེན་ཞིག་ཡིན་ལ། རིག་གནས་སྣ་མང་རང་བཞིན་ནི་འཛམ་གླིང་གི་མཛེས་ཆ་ཡང་ཡིན་པ་མངོན་པས། ཚང་མས་མཉམ་དུ་རིག་གནས་སྣ་མང་རང་བཞིན་ལ་སྲུང་སྐྱོང་དང་། ཤེས་དཔལ་སྤེས་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་བའི་འགན་འཁྲི་འཁུར་རྒྱུའི་རེ་བ་ཡོད་ཅེས་བརྗོད།

    “ཤེས་དཔལ་མི་འདྲ་བའི་སྤེལ་རེས་བསམ་ཤེས་དང་ཞི་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་བ”

    ཝི་ཨེན་ནའི་མོ་ཀྲ་ཐེའི་བཞུགས་གནས་ནས་ཀྲུང་གོའི་མི་རིགས་ཀྱི་རོལ་དབྱངས《ཏུན་ཧོང》གི་སྒྲ་དབྱངས་ག་ལེར་གྲགས་ཤིང་། ནང་དོན་ཟབ་ཅིང་སྒམ་ནན་གྱི་སྒྲ་དབྱངས་དང་ཡངས་ཤིང་རྒྱ་ཆེ་བའི་རོལ་དབྱངས་ཀྱི་ཞིང་ཁམས་དེས་བྱེ་ཐང་ཆེན་པོ་དང་ངོ་མཚར་ཆེ་བའི་ལྡེབས་རིས་ཀྱི་ལོ་རྒྱུས་གླེང་བཞིན་ཡོད།

    “ཤེས་དཔལ་གླེང་མོལ་གྱི་རྒྱལ་སྤྱིའི་ཉིན་མོའི”བརྗོད་དོན་གཙོ་བོའི་བྱེད་སྒོའི་ཆ་ཤས་ཤིག་སྟེ། ཨོ་སི་ཁྲུ་རི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དང་། ཀྲུང་གོའི་ཕྱི་ཕྱོགས་རིག་གནས་སྤེལ་རེས་མཐུན་ཚོགས། ཝི་ཨེན་ན་སློབ་ཆེན་ཁུང་ཙེ་སློབ་གླིང་བཅས་ཀྱིས་མཉམ་དུ་གཉེར་བའི“གླེང་མོལ·གྲོགས་པོ་བློས་ཐུབ—ཀྲུང་གོར་མོ་ཀྲ་ཐེ་དང་འཕྲད་པ”ཞེས་པའི་ཀྲུང་དབྱང་མི་རིགས་རོལ་དབྱངས་ཚོགས་པའི་ཆེད་དོན་རོལ་དབྱངས་འདུ་ཚོགས་ལས་ལྟད་མོ་བར་མིག་ཡིད་རྣ་བའི་དགའ་སྟོན་ཞིག་བཤམས་ཡོད།

    ཡོ་རོབ་ཀྱི་ལྟད་མོ་བས་རོལ་དབྱངས་ལ་སྔར་བས་རྒྱུས་མངའ་ཡོང་ཆེད། ཝི་ཨེན་ན་སློབ་ཆེན་ཁུང་ཙེ་སློབ་གླིང་གི་ཨོ་སི་ཁྲུ་རི་ཡ་ཕྱོགས་ཀྱི་ཡོན་ཀྲང་ལེ་ཕེ་ཁེས་འཇར་མན་གྱི་སྐད་གཙང་མའི་ཐོག་ནས་གསལ་འགྲེལ་བྱས་ཡོད། ཁོང་གིས་བསྟན་བཤིག་ཚ་པོས་ལྟད་མོ་བ་དང་སྤེལ་རེས་བྱས་ནས་ཀྲུང་གོའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གཏམ་རྒྱུད་བརྗོད་པ་མ་ཟད། ཀྲུང་གོའི་དམངས་ཁྲོད་རོལ་དབྱངས་ཀྱི་ཁྱད་ཆོས་རེ་རེ་བཞིན་བརྗོད། “ཝི་ཨེན་ན་ནི་འཛམ་གླིང་དུ་སྐད་གྲགས་ཆོད་པའི་རོལ་དབྱངས་ཀྱི་ལྟེ་གནས་ཡིན་པས། སྒྱུ་རྩལ་འབྲེལ་ཐག་ཏུ་བྱས་ནས་ཤེས་དཔལ་དབར་གྱི་ཐུན་མོང་གི་སྐད་ཆ་བཙལ་ཏེ་ཤེས་དཔལ་མི་འདྲ་བའི་སྤེལ་རེས་དང་བསམ་ཤེས་དང་ཞི་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་གཏོང་བའི་རེ་བ་ཡོད”ཅེས་ལེ་ཕེ་ཁེས་བརྗོད།

    རོལ་དབྱངས་མཇུག་འགྲིལ་རྗེས་ཚང་མས་ཡར་ལངས་ནས་དགའ་བསུ་ཞུས་ཤིང་། “ངས‘ཀྲུང་གོའི’རོལ་དབྱངས་འདུ་ཚོགས་སྙན་པོ”དེ་འདྲ་ཞིག་ཉན་ཐེངས་དང་པོ་ཡིན། ངས་རོལ་ཆ་དེ་དག་ངོ་ཤེས་སོང་ལ། དེ་དག་གི་ཐུན་མོང་མ་ཡིན་པའི་སྒྲའི་ཁྱད་ཆོས་ཀྱིས་རང་ཉིད་ལ་ཚོར་སྣང་གཏན་ནས་མི་འདྲ་བ་ཞིག་སྦྱིན་བྱུང་། དེ་རིང་ནས་བཟུང་། ང་ནི་ཀྲུང་གོའི་རོལ་དབྱངས་ཀྱི་དབྱིངས་པ་ཞིག་ཏུ་གྱུར་སོང”ཞེས་ས་གནས་དེ་གའི་ལྟད་མོ་བ་ཨ་སི་ཐེ་ཡིས་སྤྲོ་སྣང་ཆེན་པོས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།