དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་ཁོ་ལོམ་པི་ཡའི་ནུབ་རྒྱུད་ལྕགས་ལམ་གློག་འཁོར་རྣམ་གྲངས་ལས་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-06-25

    ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་ཁོ་ལོམ་པི་ཡའི་ནུབ་རྒྱུད་ལྕགས་ལམ་གློག་འཁོར་རྣམ་གྲངས་ཁུན་ཏི་ན་མ་ཁ་ཞིང་ཆེན་ཧྥ་ཁ་ཐ་ཏི་ཝ་རུ་ལས་འགོ་ཚུགས་ཡོད། དེ་ནི་ཁོ་ལོམ་པི་ཡའི་གློག་ཤུགས་ཅན་གྱི་ལྕགས་ལམ་དང་པོ་རེད་ལ། རྒྱལ་ཁབ་དེ་ཉིད“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོའི་ནང་ཞུགས་རྗེས་ལག་བསྟར་བྱས་པའི་རྨང་གཞིའི་སྒྲིག་བཀོད་ཀྱི་རྣམ་གྲངས་ཆེ་གྲས་དང་པོ་ཡང་རེད། རྣམ་གྲངས་དེས་རྒྱལ་ས་པོ་ཀོ་ཐོ་གྲོང་ཁྱེར་དང་ཁུན་ཏི་ན་མ་ཁ་ཞིང་ཆེན་གྱི་གྲོང་རྡལ་4་སྦྲེལ་མཐུད་བྱ་རྒྱུ་རེད། རྣམ་གྲངས་བསྐྲུན་ཟིན་ནས་གློག་འཁོར་ཤར་གཏོང་ཐུབ་རྗེས་ལམ་རྒྱུད་དམངས་ཚོགས་ཀྱི་རྒྱུན་གཏན་གྱི་འགྲོ་སྐྱོད་དུས་ཡུན་ཆེས་ཆེར་ཐུང་དུ་འགྲོ་རྒྱུ་རེད། འདི་ནི་ལས་འགོ་འཛུགས་པའི་མཛད་སྒོ་འཚོགས་ཡུལ་ཡིན་པ། (ཀྲུང་གོ་ཨར་ལས་བཟོ་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིས་པར་མཁོ་འདོན་བྱས)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།