དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཁྲལ་བསྡུའི་གཟིགས་སྐྱོང་དམངས་ལ་ཕན། ཁྲིམས་སྐྱོང་ཞབས་ཞུས་མི་སེམས་དྲོས།

    ལྷོ་ཁ་གྲོང་ཁྱེར་ཁྲལ་དོན་ཁོངས་གཏོགས་ཀྱིས་ཕྱོགས་མང་པོའི་ཐད་ནས་ཁྲལ་བསྡུའི་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-06-25

    རྒྱལ་ཡོངས་ཀྱི་ཁྲལ་བསྡུའི་དྲིལ་བསྒྲགས་ཟླ་བ་34པའི་རིང་། ལྷོ་ཁ་གྲོང་ཁྱེར་གྱི་ཁྲལ་དོན་ལས་བྱེད་པ་ཚོང་ལས་ཁྲོམ་གཞུང་དང་སྡེ་ཁུལ་དུ་བསྐྱོད་དེ་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་གསར་ཤོས་དང་ཁྲལ་འབྲེལ་ལས་སྒོའི་ཉེན་ཁ་ཆེ་ས་སོགས་ཀྱི་ནང་དོན་དྲིལ་བསྒྲགས་བྱས་ཏེ། ཁྲལ་བསྡུའི་སྲིད་ཇུས་དང་། ཁྲིམས་སྐྱོང་འདུ་ཤེས། དམངས་ཕན་ཞབས་ཞུ་བཅས་སྔར་བས་མཉམ་འདྲེས་ཟབ་ཏུ་བཏང་ནས་ཚོང་པ་དང་སྤྱི་དམངས་ཀྱི་ཁྲིམས་ལྟར་ཡིད་རྟོན་ཁྲལ་འཇལ་གྱི་འདུ་ཤེས་ཟབ་ཏུ་བཏང་བ་རེད།

    ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་ལྷ་མོའི་བླ་མཚོ་གསོལ་མགྲོན་ཁང་ཆེ་མོའི་སྒོ་འགྲམ་དུ་ཁྲལ་དོན་ལས་བྱེད་པས“ཁྲལ་རིན་གྱི་སེམས་ཁྲལ་སེལ་བའི་བློ་འདྲིའི་སྐོར་སྐྱོད་ལས་སྟེགས”བཙུགས་ནས་ཉེ་འགྲམ་གྱི་ཚོང་པ་དང་འཛད་སྤྱོད་པའི་དོ་ཁུར་ཐོབ་པར་བྱས་ཡོད། བློ་འདྲིའི་ལས་སྟེགས་སུ་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་རྒྱ་ཚ་རྫོང་ཁྲལ་དོན་ཅུས་ཀྱིས་བཙུགས་པའི་གཞོན་ནུའི་ཁྲལ་དོན་སྒྲོག་འགྲེལ་ཚོགས་པས་མི་སྒེར་གྱི་ཐོབ་ཁྲལ་དང་གནས་ཐང་འཕར་ཁྲལ་སོགས་གླེང་ཆ་ཆེ་བའི་གནད་དོན་ལ་དམིགས་ནས་ས་གནས་ས་ཐོག་ཏུ་དོགས་གནད་ལ་ལན་བརྒྱབ་པ་དང་འབྲེལ། དཀའ་གནད་དང་རྙོག་འཛིང་ཆེ་བའི་གནད་དོན་ཐོ་བཀོད་དེ་རྗེས་མཐུད་ལས་དོན་ཧུར་ཐག་བསྒྲུབས་ཡོད་པ་རེད།

    སྒྲོག་འགྲེལ་ཚོགས་པའི་ལས་མི་ད་དུང་རྒྱ་ཚ་རྫོང་བླ་མཚོའི་ཐང་ཆེན་གྱི་ཚོང་ཁང་ཁག་ཏུ་བསྐྱོད་དེ་ཚོང་པ་མི་འདྲ་བར་གཞིགས་ནས་རྒྱུན་གཏན་གྱི་ཁྲལ་དོན་སྒྲུབ་རིང་ཐོན་པའི་གནད་དོན་མང་པོ་དང་ཟུང་འབྲེལ་བྱས་ཏེ་ཁོང་ཚོར་གྲངས་འཛིན་དཔང་འཛིན་འབྲི་བ་དང་དྲ་ཐོག་ཁྲལ་དོན་ཅུས་ལ་ཞུ་འབུལ་བྱེད་སྟངས་སོགས་ཀྱི་ནང་དོན་གཙོ་གནད་ཐོག་འགྲེལ་བཤད་བརྒྱབ་པ་རེད།

    གཞན་ཡང་། ཁྲལ་དོན་ལས་བྱེད་པ་ད་དུང་ཚོང་ཁང་རེ་རེ་བཞིན་དུ་བསྐྱོད་ནས་ཁྲལ་འཇལ་མཁན་ལ་རང་འགུལ་ངང་དགོས་མཁོ་དྲིས་ཤིང་། བཟོ་ཚོང་སྡེ་ཚན་ལ་ཐོ་འགོད་བྱས་ཟིན་ཡང་ཁྲལ་དོན་ཐོ་མ་བཀོད་པའི་ཚོང་པ་ཁག་གཅིག་ལ་དམིགས་ནས་ཁྲལ་དོན་ལས་བྱེད་པས་དེ་རང་དུ་ཟུར་ཁྲིད་བྱས་ཏེ་སྐྱེལ་དགོས་པའི་དཔྱད་གཞིའི་ཡིག་རིགས་གསལ་པོར་བཤད་ནས་ཚོང་པ་རྣམས་ཀྱིས་ཕྱིས་སུ་ཁྲལ་དོན་ཐོ་འགོད་བརྒྱུད་རིམ་གསལ་པོ་ཤེས་པར་བྱས་པ་རེད།

    སྡེ་ཁུལ་གྱི་རྒན་རྒོན་ཚོགས་སྤྱིར་དམིགས་ནས་ཁྲལ་དོན་ལས་བྱེད་པས་ངང་རྒྱུད་རིང་པོས་ལག་ཐོགས་ཁ་པར་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་འཇལ་སྟངས་གསལ་བཤད་བརྒྱབ་སྟེ་ཁོང་ཚོར་གྲོན་དངུལ་འཇལ་བའི་དཀའ་གནད་སེལ་རོགས་བྱས་ཡོད། རང་བརྟེན་ལས་གཏོད་བྱེད་མཁན་གྲོང་མིར་ཁྲལ་དོན་ལས་བྱེད་པས་གཞི་ཁྱོན་ཆུང་བའི་ཁྲལ་འཇལ་མཁན་གྱི་གནས་ཐང་འཕར་ཁྲལ་ཆག་ཡང་དང་ཁེར་རྐྱང་ཚོང་དུད་ཀྱི་ཐོབ་ཁྲལ་གཟིགས་སྐྱོང་སོགས་ཀྱི་སྲིད་ཇུས་གསལ་འགྲེལ་ཞིབ་ཕྲ་བརྒྱབ་ཡོད། “ད་ཆ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་ལག་ཐོགས་ཁ་པར་ནས་འཇལ་ན་འགྲིག་གི་འདུག་པས་དངོས་འབྲེལ་སྟབས་བདེ་པོ་འདུག”ཅེས་སྣེ་གདོང་ཆུས་ཀྱི་ཡུལ་མི་སྤེན་པ་བཀྲ་ཤིས་ཀྱིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།