ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྦྱིན་ཀླུ་སྡེ་ཁུལ་གྱིས།
“ཏང་འཛུགས་སྐྱོང་+”ལ་བརྟེན་ནས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་འདེད་བཏང་བ།
ཉེ་བའི་ལོ་ཤས་རིང་། སྣེ་གདོང་ཆུས་བྱ་ས་ཁྲོམ་གཞུང་སྦྱིན་ཀླུ་སྡེ་ཁུལ་གྱི་ཏང་སྤྱི་ཁྱབ་ཀྲི་པུའུ་ཡིས་འཚོལ་ཞིབ་དང་གསར་གཏོད་ཧུར་ཐག་བྱས་ཏེ། ཏང་འཛུགས་སྐྱོང་ལས་དོན་དེ་མང་ཚོགས་ཀྱི་འབབ་འཕར་དང་རྣམ་གྲངས་འཛུགས་སྐྲུན་དང་ཟུང་འབྲེལ་དམ་ཟབ་མཐའ་འཁྱོངས་བྱས་ནས“ཏང་འཛུགས་སྐྱོང་+”ཀྱི་མཉམ་འདྲེས་འཕེལ་རྒྱས་གཏོང་སྟངས་གསར་པར་བརྟེན་ནས་སྡེ་ཁུལ་གྱི་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་བ་དང་གྲོང་གསེབ་དར་རྒྱས་ཡོང་བར་སྒུལ་ཤུགས་བསྣན་ཡོད།
སྦྱིན་ཀླུ་སྡེ་ཁུལ་གྱི་ཏང་སྤྱི་ཁྱབ་ཀྲི་པུའུ་ཡིས“ཀྲི་པུའུ་དང་། མཉམ་ལས་ཁང་། ཞིང་དུད”བཅས་ཟུང་དུ་འབྲེལ་བའི་ཞིང་འབྲེལ་ཞིང་ཁྲིད་བྱེད་སྟངས་བཙུགས་ཡོད། ཏང་ཀྲི་པུའུ་ཡི་སྣེ་ཁྲིད་འོག་མཉམ་ལས་ཁང་གིས་སྣེ་ཁྲིད་ཀྱི་ནུས་པ་གང་ལེགས་བཏོན་ནས་ཞིང་དུད་རྒྱ་ཁྱབ་ངང་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད། བྱེད་སྟངས་དེར་བརྟེན་ནས་སྡེ་ཁུལ་གྱིས་ཞིང་ནང་ཆུ་བེད་ཀྱི་རྣམ་གྲངས་ཆུང་གྲས་2བསྐྲུན་པར་རྒྱབ་སྐྱོར་བྱས་ཏེ་ཁྱོན་མ་དངུལ་སྒོར་ཁྲི་400ལྷག་ཙམ་བཏང་བ་རེད། མིག་སྔའི་བར། མི་ཐེངས་3000ཙམ་ཕྱིར་གླ་པར་བསྐྱོད་རྒྱུའི་སྒྲིག་འཛུགས་བྱས་པར་མི་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1ལྷག་ཙམ་བྱུང་ནས་མང་ཚོགས་ཀྱི་ཡོང་འབབ་དངོས་འབྲེལ་འཕར་ཡོད།
ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་ཆེད། སྦྱིན་ཀླུ་སྡེ་ཁུལ་གྱི་ཏང་སྤྱི་ཁྱབ་ཀྲི་པུའུ་ཡིས“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”བྱེད་སྒོ་གཏིང་ཟབ་སྤེལ་བ་རེད། རི་ཆུ་ཞིང་ནགས་ལམ་བཅས་ཕྱོགས་བསྡུས་བཅོས་སྐྱོང་བྱས་པ་བརྒྱུད་ཞིང་ལས་ཐོན་སྐྱེད་ཀྱི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། མཉམ་ལས་ཁང་གིས་མཉམ་འབྲེལ་རྔ་བསྡུའི་འཕྲུལ་འཁོར་དང་སོན་འདེབས་འཕྲུལ་འཁོར་སོགས་ཉོས་ནས་བརྒྱུད་རིམ་ཧྲིལ་པོ་འཕྲུལ་ཆས་ཅན་གྱི་ལས་སྒྲུབ་ཆུ་ཚད་མཐོ་རུ་བཏང་ཡོད། གཞན་ཡང་ད་དུང་དུད་ཚང་དབྱེ་བའི་ཚད་ལྡན་ཅན་གྱི་གསོ་ཚགས་ར་བ་180བསྐྲུན་རྒྱུར་རྒྱབ་སྐྱོར་བྱས་པས་ཞིང་དུད་ཀྱི་ལོའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.2ཡན་འཕར་ཡོད། ད་ལོ་ཚུན། གྲོང་ཚོའི་མཉམ་སྡེབ་ཡོང་འབབ་སྒོར་ཁྲི་58འཕར་བ་དང་། དུད་ཚང་191ལ་ཆ་སྙོམས་དུད་ཚང་རེར་སྒོར་3036འཕར་ཡོད།
གྲོང་མིའི་ལས་ཞུགས་ནུས་པ་ཆེ་རུ་གཏོང་བའི་ཐད། སྦྱིན་ཀླུ་སྡེ་ཁུལ་ཏང་སྤྱི་ཁྱབ་ཀྲི་པུའུ་ཡིས“ལས་ཞུགས་ཀྱིས་གསོ་སྦྱོང་ལ་ཁྲིད་སྟོན་དང་གསོ་སྦྱོང་གིས་ལས་ཞུགས་ལ་སྐུལ་འདེད་གཏོང་བའི”དམིགས་ཡུལ་རྒྱུན་འཁྱོངས་བྱས་ཏེ། སྣེ་གདོང་ཆུས་མི་སྤྱི་ཅུས་དང་འབྲེལ་མཐུད་ཧུར་ཐག་གིས་ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་རྩལ་ནུས་ལ་དམིགས་ནས་ལས་ཀས་གསོ་སྦྱོང་གི་ཚབ་བྱེད་པའི་བྱེད་སྒོ་སྤེལ་བ་རེད། བྱེད་སྒོའི་ནང་སྦྱིན་ཀླུ་སྡེ་ཁུལ་ཚུད་པའི་ཁྲོམ་གཞུང་ཁག་ནས་ཡོང་བའི་མང་ཚོགས་50ཞུགས་པར་རྩལ་ནུས་ལས་རིགས་3ཚུད་ཡོད་པ་རེད། གསོ་སྦྱོང་ནང་ཞུགས་པའི་གླ་པ་མི་རེར་ཆ་སྙོམས་ཡོང་འབབ་སྒོར་1300ལྷག་ཙམ་བྱུང་ཡོད་པ་རེད།