དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྒར་རྫོང་ཁྲལ་དོན་ཅུས་ཀྱིས།

    ཁྲལ་རིན་ཞབས་ཞུར་ཤུགས་སྣོན་བརྒྱབ། ཞིང་ཕན་ཞིང་སྐྱོར་ཞིང་དར་བྱུང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-06-25

    ཉེ་ཆར། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་སྒར་རྫོང་ཁྲལ་དོན་ཅུས་ཀྱིས་རྒྱལ་ཡོངས་ཀྱི་ཁྲལ་འབབ་དྲིལ་བསྒྲགས་ཟླ་བ་34པ་གོ་སྐབས་སུ་བཟུང་སྟེ“ཁྲལ་ཕན་ཞིང་སྐྱོར”གྱི་ཞབས་ཞུ་རུ་ཁག་སྒྲིག་འཛུགས་བྱས་ནས་ཞིང་འབྲེལ་ཁེ་ལས་དང་མཉམ་ལས་ཁང་དུ་བསྐྱོད་དེ་གནད་ལ་འཁེལ་པོས་དགོས་མཁོར་དམིགས་པ་དང་། ཁྲལ་འབྲེལ་ཞབས་ཞུ་ལེགས་སུ་གཏོང་བ། ཁྲལ་རིན་ཞབས་ཞུར་བརྟེན་ནས་ཞིང་ཕན་ཞིང་སྐྱོར་ཞིང་དར་ཡོང་བ་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་ཞིང་ལས་ལོ་ཏོག་ལ“དཔྱ་ཁྲལ་གྱི་སྟོབས་ཤུགས”བསྣན་པ་རེད།

    སྒར་རྫོང་ཤིན་ཤིན་ཞིང་ལས་ཚད་ཡོད་ཀུང་སིའི་འདེབས་འཛུགས་རྟེན་གཞིའི་འགྱིག་ཤོག་དྲོད་ཁང་ཆེན་པོར་ཁྲལ་དོན་ལས་བྱེད་པས་འདེབས་འཛུགས་མི་སྣར་ཞིང་ལས་ཐོན་རྫས་ཉོ་བ་དང་རང་ཐོན་རང་འཚོང་སོགས་ཀྱི་ཁྲལ་འབྲེལ་ཤེས་བྱ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་དང་འབྲེལ། ཞིང་ལས་ཐོན་རྫས་ཉོ་བའི་འཛིན་ཤོག་འབྲི་བ་དང་ཁྲལ་འབྲེལ་གྱི་དོན་དག་ཞུ་འབུལ་བྱེད་པའི་ཐད་དོ་སྣང་བྱེད་དགོས་རིགས་དྲན་སྐུལ་ཡང་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། སྒར་རྫོང་ཤིན་ཤིན་ཞིང་ལས་འདེབས་འཛུགས་ཚད་ཡོད་ཀུང་སི་2019ལོའི་ཟླ་9པར་བཙུགས་པ་དང་རྒྱ་ཁྱོན་མུའུ་150ཟིན་ཡོད། སྔོ་ཚལ་འགྱིག་ཤོག་དྲོད་ཁང་ཆེན་པོ་66བསྐྲུན་པ་དང་མྱུག་གསོ་སྨི་ངོས་གྲུ་800བྱས་ཡོད་པ་དང་། དེ་ནི་སྒར་རྫོང་གི་དེང་རབས་ཞིང་ལས་འཕེལ་རྒྱས་ཀྱི་དཔེ་མཚོན་ཞིག་རེད། གཉེར་སྐྱོང་བྱས་ཚུན། ཞིང་ལས་ལོ་ཏོག་རྐྱང་པ་འདེབས་པ་ནས་པེ་པེ་ནན་ཀྭ་དང་། སུར་པན། ཙོང་རིལ་སོགས་སྔོ་ཚལ་སྣ་ཚོགས་རེས་མོས་འདེབས་པའི་བར་ལོ་རེར་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་400ལྷག་ཙམ་བྱུང་ནས་ཞིང་འབྲོག་པ་ལས་ཞུགས་ལ་ཁྲིད་སྟོན་དང་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱེད་པའི་ཐད་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད་པ་རེད།

    “ཀུང་སི་བཙུགས་པ་ནས་ད་བར། ཁྲལ་དོན་ཐོ་འགོད་དང་། ཁྲལ་འཇལ་ཞུ་འབུལ། ཁྲལ་འབབ་གཟིགས་སྐྱོང་སྲིད་ཇུས་གསལ་འགྲེལ་སོགས་ཁྲལ་དོན་སྡེ་ཚན་གྱི་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད། དྲ་ཐོག་ཁྲལ་དོན་ཅུས་སྤྱོད་སྟངས་ཟུར་ཁྲིད་བྱས་ནས་དོགས་གནད་ལ་ལན་བརྒྱབ་པས། ང་ཚོ་བློ་བདེ་པོ་དང་སེམས་སྐྱིད་པོ་བྱུང”ཞེས་སྒར་རྫོང་ཤིན་ཤིན་ཞིང་ལས་ཚད་ཡོད་ཀུང་སིའི་འགན་འཁུར་བས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།