ཟླ་བ་དང་པོ་ནས་ལྔ་པ་བར་རྒྱལ་ཁབ་ལྕགས་ལམ་ནས་དངོས་ཟོག་ཏུན་དུང་ཕྱུར་16.41དབོར་འདྲེན་བྱས་པ།
ཉིན་རེར་ཆ་སྙོམས་མེ་འཁོར་ཁྲི་18.1ལ་དངོས་ཟོག་བླུགས་པ།
གསར་འགོད་པར་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཟླ་བ་དང་པོ་ནས་ལྔ་པ་བར་རྒྱལ་ཁབ་ལྕགས་ལམ་ནས་རིམ་རྩིས་བརྒྱབ་ན་དངོས་ཟོག་ཏུན་དུང་ཕྱུར་16.41དབོར་འདྲེན་བྱས་པ་དེ་དུས་མཚུངས་ལས་3.1%འཕར་བ་དང་། ཉིན་རེར་ཆ་སྙོམས་མེ་འཁོར་ཁྲི་18.1ལ་དངོས་ཟོག་བླུགས་པ་དེ་དུས་མཚུངས་ལས་4.2%འཕར་ནས་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ཤར་གཏོང་དང་རྒྱལ་དམངས་དཔལ་འབྱོར་བརྟན་པོའི་ངང་འཁོར་རྒྱུག་ཐུབ་པའི་འགན་སྲུང་བྱ་ཆེད་འདེགས་སྐྱོར་ནུས་ལྡན་བྱས་ཡོད།
དངོས་ཟོག་འབོར་ཆེན་སྐྱེལ་འདྲེན་བྱེད་པའི་འགན་ལེན་ནུས་ལྡན་ཐུབ་ཅིང་། ཟླ་བ་དང་པོ་ནས་ལྔ་པ་བར་རྒྱལ་ཁབ་ལྕགས་ལམ་ནས་རྡོ་སོལ་ཏུན་དུང་ཕྱུར་8.45དབོར་འདྲེན་བྱས་པའི་ནང་གློག་གཏོང་རྡོ་སོལ་ཏུན་དུང་ཕྱུར་5.75ཟིན་པ་དེས་ལྕགས་ལམ་ཐད་གཏོང་གློག་འདོན་བཟོ་གྲྭའི་རྡོ་སོལ་གསོག་འཇོག་བྱེད་ཚད་ཅུང་མཐོ་ཙམ་རྒྱུན་འཁྱོངས་ཐུབ་ནས་དབྱར་དུས་གློག་སྤྱོད་མང་བའི་གནད་དོན་ཐག་གཅོད་ཐུབ་ཡོད།
རྒྱལ་སྒྲོལ་དངོས་ཟོག་སྐྱེལ་འདྲེན་བརྟན་པོ་དང་ཤར་གཏོང་བྱུང་ཞིང་། ཟླ་བ་དང་པོ་ནས་ལྔ་པ་བར་ཀྲུང་ཡོའི་དུས་གཏན་མེ་འཁོར་བརྟན་པོའི་ངང་བཏང་བ་དང་ཨེ་ཤེ་ཡ་དབུས་མའི་འགྲུལ་སྐྱེལ་མེ་འཁོར་རིམ་རྩིས་བརྒྱབ་ན་ཐེངས་གྲངས་6046བཏང་བ་དེ་དུས་མཚུངས་ལས་23%འཕར་བ་དང་། ཀྲུང་ལོ་ལྕགས་ལམ་ནས་རིམ་རྩིས་བརྒྱབ་ན་རྒྱལ་སྒྲོལ་དངོས་ཟོག་ཏུན་ཁྲི་250.2དབོར་འདྲེན་བྱས་པ་དེ་དུས་མཚུངས་ལས་8%འཕར་ནས་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་འགྲོ་འོང་ལ་སྐུལ་མ་ནུས་ལྡན་ཐེབས་ཡོད།