དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་བ་དང་པོ་ནས་ལྔ་པའི་བར་ལས་བཟོའི་སྨན་བཅོས་འགན་བཅོལ་མི་སྒེར་གྱི་རྩིས་ཁྲ་མཉམ་སྤྱོད་བྱེད་མཁན་མི་ཐེངས་དུང་ཕྱུར་1.67ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-06-24

    ཉེ་ཆར། གསར་འགོད་པར་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ནས་ཤེས་རྟོགས་བྱུང་བར། ད་ལོའི་ཟླ་བ་དང་པོ་ནས་ལྔ་པའི་བར། རྒྱལ་ཡོངས་ཀྱི་ལས་བཟོའི་སྨན་བཅོས་འགན་བཅོལ་མི་སྒེར་གྱི་རྩིས་ཁྲ་མཉམ་སྤྱོད་བྱེད་མཁན་མི་ཐེངས་དུང་ཕྱུར་1.67ཟིན་ནས་མཉམ་སྤྱོད་བྱེད་ཚད་སྒོར་དུང་ཕྱུར་220.26ཟིན་ཡོད།

    ལས་བཟོའི་སྨན་བཅོས་འགན་བཅོལ་མི་སྒེར་གྱི་རྩིས་ཁྲ་མཉམ་སྤྱོད་ཅེས་པ་ནི་མི་སྒེར་གྱི་རྩིས་ཁྲའི་ནང་གི་མ་དངུལ་ནང་མིར་སྤྱོད་པ་དང་། མགོ་སྦྲེལ་བྱས་པའི་མི་སྒེར་གྱི་རྩིས་ཁྲ་སྐབས་འཕྲལ་འདོན་སྤྱོད་དང་སྨན་བཅོས་འགན་བཅོལ་གྱི་དངུལ་ཁུག་རྩིས་སྒྱུར་སོགས་ཀྱི་བྱེད་སྟངས་བརྒྱུད་མངོན་འགྱུར་བྱེད་པར་ཟེར།

    ད་ལོའི་ཟླ་བ་དང་པོ་ནས་ལྔ་པའི་བར། མགོ་སྦྲེལ་བྱས་པའི་མི་སྒེར་གྱི་རྩིས་ཁྲ་སྐབས་འཕྲལ་འདོན་སྤྱོད་བྱས་པ་བརྒྱུད་ལས་བཟོའི་སྨན་བཅོས་འགན་བཅོལ་མི་སྒེར་གྱི་རྩིས་ཁྲ་ཞིང་ཆེན་ནང་ཁུལ་དུ་མཉམ་སྤྱོད་བྱེད་མཁན་མི་ཐེངས་དུང་ཕྱུར་1.67ཟིན་པ་དང་མཉམ་སྤྱོད་བྱེད་ཚད་སྒོར་དུང་ཕྱུར་219.82ཟིན་ཡོད།

    སྨན་བཅོས་འགན་བཅོལ་དངུལ་ཁུག་ནས་རྩིས་སྒྱུར་བྱེད་སྟངས་བརྒྱུད། ལས་བཟོའི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཁྲའི་ཞིང་ཆེན་ནང་ཁུལ་དང་ཞིང་ཆེན་བརྒལ་ནས་མཉམ་སྤྱོད་རྩིས་སྒྱུར་ཐེངས་ཁྲི་6.42བྱས་པར་དངུལ་སྒོར་ཁྲི་4370.31ཟིན་ཡོད།

    མིག་སྔར། ས་གནས་ཁག་གིས་ལས་བཟོའི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཁྲའི་མཉམ་སྤྱོད་ཁྱབ་ཁྱོངས་གཞི་རྩའི་སྨན་བཅོས་འགན་བཅོལ་དེའི་ནང་ཞུགས་པའི“གཉེན་ཉེའི”བར་རྒྱ་བསྐྱེད་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།