2025ལོའི་ཀྲེ་ཅང་རྒྱལ་སྤྱིའི་དྲ་ཐོག་ཚོང་དོན་འགྲེམས་ཚོགས་འགོ་ཚུགས་པ།
ཟླ་6ཚེས་21ཉིན། ཀྲེ་ཅང་དབྱི་ཧུའུ་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་སུ་དུས་ཡུན་ཉིན་3གྱི་2025ལོའི་ཀྲེ་ཅང་རྒྱལ་སྤྱིའི་དྲ་ཐོག་ཚོང་དོན་འགྲེམས་ཚོགས་དངོས་སུ་འགོ་ཚུགས་པ་རེད། སྐབས་འདིའི་དྲ་ཐོག་ཚོང་དོན་འགྲེམས་ཚོགས་ནི་ཀྲུང་གོ་རྒྱལ་སྤྱིའི་དྲ་ཐོག་ཚོང་དོན་ལྟེ་གནས་དང་། ཀྲུང་གོ་དྲ་ཐོག་ཚོང་ཚོགས། ཀྲེ་ཅང་ཞིང་ཆེན་ཚོང་དོན་ཐིང་། དབྱི་ཝུའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་གཉེར་བ་ཞིག་རེད། འདི་ནི་ཀྲེ་ཅང་དབྱི་ཝུའུ་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་སུ་2025ལོའི་ཀྲེ་ཅང་རྒྱལ་སྤྱིའི་དྲ་ཐོག་ཚོང་དོན་འགྲེམས་ཚོགས་ཀྱི་དབུས་ཤར་ས་ཁུལ་གྱི་འགྲེམས་ཁང་དུ་སོ་ཏི་ཨ་རབ་ནས་ཡོང་བའི་ཕྱི་རྒྱལ་ཚོང་པའི་འཐུས་མིས་རྒྱལ་ཁབ་ཕྱི་ནང་གི་ཚོང་འགྲུལ་དང་དབུས་ཤར་ས་ཁུལ་གྱི་ཟོག་འགྲེམས་ཆེད་གཏོང་ཚོང་དོན་གྱི་མཉམ་ལས་ལས་སྒོ་གླེང་བཞིན་པ།