ཏུའུ་ལཱ་ཐ་འགག་སྒོའི་རྣམ་པ་གསར་པ།
དབྱི་ལི་ཧ་སག་རང་སྐྱོང་ཀྲོའུ་ཀྲུང་ཧ་མཐའ་མཚམས་སུ་ཡོད་པའི་ཏུའུ་ལཱ་ཐ་འགག་སྒོ་ནི་རྒྱལ་ཁབ་ཀྱི་སྐམ་ལམ་འགག་སྒོ་རིགས་དང་པོ་ཡིན་ལ། རྒྱལ་ཁབ་གསུམ་པར་ཁ་ཕྱོགས་ནས་ཕྱེ་བའི་སྒོ་མོ་གལ་ཆེན་ཞིག་ཀྱང་རེད། དེ་གར་རྒྱལ་ལམ219དང་ཞིང་ཆེན་ལམ་313གྱི་སྦྲེལ་མཚམས་འཁེལ་བ་དང་། ཨེ་ཤེ་ཡ་དབུས་མའི་འབྲེལ་འདྲིས་ཀྱི་བགྲོད་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད། འགག་སྒོ་དེས་འཕྲུལ་གློག་ཐོན་རྫས་དང་། གྱོན་ཆས། ལྷམ་དང་འཇུར་རྟ་ཡུ་རིང་སོགས་ཕྱིར་གཏོང་ཉོ་ཚོང་ཀ་རྟེན་དུ་བྱེད་པ་དང་ཆབས་ཅིག་གྲོ་པགས་རིལ་བུ་དང་། འབུ་སུ་ཧང་། རྡོ་སྣུམ་སྲེག་སྒྱུར་སོགས་ཚོང་ཟོག་འབོར་ཆེན་ནང་འདྲེན་བྱས་ནས་ཕྱོགས་གཉིས་དབར་ཕན་ཚུན་ཁ་གསབ་བྱེད་པའི་ཉོ་ཚོང་སྐྱེ་ཁམས་ཤིག་བསྐྲུན་ཡོད། དེའི་འགྱེད་འཕྲོའི་ཚངས་ཕྱེད་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔའི་སྤྱི་ལེ་1000ནང་གི་དཔལ་འབྱོར་ལྟེ་བའི་ཁུལ་དུ་ཁྱབ་ནས་དར་གོས་ལམ་བུའི་དཔལ་འབྱོར་རྒྱུད་ཀྱི་ས་མཚམས་སྒྲོལ་བའི་ཉོ་ཚོང་གི་མཚམས་ཚིགས་གལ་ཆེན་ཞིག་ཏུ་གྱུར་ཡོད། འདི་ནི་ཟླ་6ཚེས་19ཉིན་ཟོག་འདྲེན་ལྗིད་ཐེག་རླངས་འཁོར་ཏུའུ་ལཱ་ཐ་འགག་སྒོའི་རྒྱལ་སྒོ་ནས་སྐྱོད་བཞིན་པ།