ཁྲོན་བོད་གཞུང་ལམ་དུ་གནས་པའི་སྦས་ལུང་ཡིད་ལྷུང་ལྷ་མཚོ།
འདི་ནི་ཟླ་6ཚེས་21ཉིན་ཡུལ་སྐོར་བས་ཡིད་ལྷུང་ལྷ་མཚོར་ཡུལ་སྐོར་སྤྲོ་འཆམ་བྱེད་བཞིན་པ།
འདི་ནི་ཟླ་6ཚེས་21ཉིན་པར་བླངས་པའི་ཡིད་ལྷུང་ལྷ་མཚོའི་མཛེས་ལྗོངས་ཡིན་པ།
སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་སྡེ་དགེ་རྫོང་ཁོངས་ཀྱི་ཡིད་ལྷུང་ལྷ་མཚོ་ནི་ཁྲོན་བོད་གཞུང་ལམ་བྱང་རྒྱུད་ཀྱི་རྒྱལ་ལམ་317རྒྱུད་ཀྱི་ལྷོ་ཕྱོགས་སུ་གནས་ཤིང་། གངས་དཀར་གྱིས་བཀླུབས་པའི་ཁྲོ་ལའི་འདབས་སུ་བེེཌཱུར་ཡའི་མདངས་ལ་འཁུ་བའི་མཚོ་ངོས་དྭངས་ཤིང་གསལ་ལ་མཛེས་ལྗོངས་ལྟ་བས་མི་ངོམས་པ་ཞིག་ཡོད།
ཉེ་བའི་ལོ་ཤས་རིང་། ཡུལ་དེས་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་བཏང་བ་དང་ཁྲོན་བོད་གཞུང་ལམ་གྱི་ཡུལ་སྐོར་ཚ་རླབས་ལ་བརྟེན་ནས“རིག་གནས་དང་གྲོང་གསེབ་ཟུང་འབྲེལ”གྱི་ཡུལ་སྐོར་ལ་སྐུལ་འདེད་བཏང་སྟེ། རྐང་ཐང་གི་ལམ་ཐིག་མཛེས་ཤོས་སོགས་འོས་སྦྱོར་བྱས་ནས་ཡིད་ལྷུང་ལྷ་མཚོའི་མཛེས་ལྗོངས་ཁུལ་དེ་ཉིད་རི་ཁུལ་ཕྱོགས་ཐོན་གྱི་སྐྱེ་ཁམས་ལྟ་སྐོར་ཡུལ་སྐོར་དང་། ཕྱོགས་ཐོན་ལུས་རྩལ་ཉམས་ལེན། རི་ཁུལ་རིག་གནས་ཉམས་ལེན་བཅས་གཞི་གཅིག་ཏུ་འདུས་པའི་སྐྱེ་ཁམས་མཛེས་ལྗོངས་ཀྱི་ཡུལ་སྐོར་གནས་མཆོག་ཅིག་ཏུ་ཧུར་ཐག་བཏོད་ཡོད།