རང་རྒྱལ་གྱི་སྔོན་ཐོན་རྒྱང་ཤེལ་གཉིས་མཚོ་སྔོན་ལེང་ཧུའུ་རུ་བསྒར་འགོ་ཚུགས་པ།
ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་6ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཚེས་21ཉིན་ཀྲུང་གོ་ཚན་རིག་ཁང་ཙི་ཅིན་ཧྲན་གནམ་དཔྱད་ཁང་གིས་མཚོ་སྔོན་ལེང་ཧུའུ་གནམ་དཔྱད་ལྟ་དཔྱད་ཚད་འཇལ་ཞིབ་འཇུག་རྟེན་གཞིར་སྨི་4.2ཟིན་པའི་ས་ངོས་ཀྱི་ཆེད་སྤྱོད་སྐར་མའི་གོ་ལའི་ཚད་འཇལ་རྒྱང་ཤེལ་དང་སྨི་2.5ཟིན་པའི་མཐའ་སྣེ་མང་བའི་རྒྱུན་སྤྱོད་རྒྱང་ཤེལ་རྣམ་གྲངས་ལག་ལེན་བསྟར་འགོ་ཚུགས་ཡོད། རྒྱང་ཤེལ་དེ་གཉིས་བསྒར་ཟིན་རྗེས་རྒྱལ་སྤྱིའི་སྔོན་ཐོན་གྱི་ས་ངོས་ཀྱི་འོད་ཀྱི་རིག་པའི་ལྟ་དཔྱད་དང་ཚད་འཇལ་ཞིབ་ཚགས་བྱེད་པའི་མ་ལག་གྲུབ་ནས་རང་རྒྱལ་གྱི་སྐར་མའི་གོ་ལར་ལྟ་དཔྱད་ཚད་འཇལ་ཞིབ་ཚགས་བྱེད་པའི་འཇོན་ནུས་ཐད་མཆོང་སྐྱོད་ཆེན་པོ་བྱུང་བ་མཚོན་གྱི་ཡོད།
“ཉི་མའི་ཁྱིམ་རྒྱུད་ཀྱི་ནམ་མཁའི་ཁམས་ཀྱི་ལོ་ཐོའི་རེའུ་མིག་བཟོ་བ་དང་དུས་ཡུན་རིང་པོར་བདག་སྐྱོང་བྱེད་དགོས་ཚེ་ཉི་མའི་ཁྱིམ་རྒྱུད་ཀྱི་སྐར་མའི་གོ་ལ་སྣ་ཚོགས་ལ་དུས་ཡུན་རིང་ཞིང་ཞིབ་ཚགས་པོས་ཚད་འཇལ་བྱེད་དགོས་ཀྱི་ཡོད” ཙི་ཅིན་ཧྲན་གནམ་དཔྱད་ཁང་གི་ཞིབ་འཇུག་པ་ཀྲའོ་ཧའེ་པིན་གྱིས་བསྒར་འགོ་ཚུགས་པའི་རྒྱང་ཤེལ་གཉིས་ཀྱི་ཁ་ཞེང་མི་འདྲ་བས་ཐོན་པའི་ནུས་པའང་འདྲ་གི་མེད། སྨི་2.5ཟིན་པའི་མཐའ་སྣེ་མང་བའི་རྒྱུན་སྤྱོད་རྒྱང་ཤེལ་གྱིས་ཐག་ཉེ་ས་དང་སྐོར་སྐྱོད་མགྱོགས་པའི་སྐར་མའི་གོ་ལ་གཙོ་བོར་འཛིན་གྱི་ཡོད་པ་དང་། སྨི་4.2ཟིན་པའི་ས་ངོས་ཀྱི་ཆེད་སྤྱོད་སྐར་མའི་གོ་ལར་ཚད་འཇལ་རྒྱང་ཤེལ་གྱིས་ཁ་ཞེང་ཆེ་བའི་ལེགས་ཆ་གང་ལེགས་བཏོན་ནས་དེ་བས་ཐག་རིང་བ་དང་གསལ་པོ་མེད་པའི་སྐར་མའི་གོ་ལར་ལྟ་ཐུབ་ཀྱི་ཡོད་ཅེས་ངོ་སྤྲོད་བྱས།