འཚོ་རྟེན་ལས་སྤྲོད་ཀྱིས་དམངས་འཚོར་ཕན་བཏགས་པ།
ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་གྱི་ཡུལ་མི་35འཚོ་རྟེན་ལས་སྤྲོད་ཀྱི་དཔེ་སྟོན་ལས་གྲྭ་སྟེ། མེ་ཏོག་རྫོང་དགུ་ཐང་ཤང་བཙན་ཆུ་གྲོང་ཚོའི་གྲོང་སྡེའི་རྨང་གཞིའི་སྒྲིག་བཀོད་ལེགས་གཏོང་རྣམ་གྲངས་ལ་ཞུགས་པར་ངལ་ལས་གླ་ཆ་ཐོག་མ་རག་པ་ལས་ཉིང་ཁྲི་གྲོང་ཁྱེར་གྱིས་ཁྱབ་སྤེལ་བཏང་བའི“ཡུལ་མིས་རང་བསྐྲུན”གྱི་བྱེད་སྟངས་བཙན་ཆུ་གྲོང་ཚོར་དོན་འཁྱོལ་བྱུང་བ་མཚོན་ནས་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ཡོད། འདི་ནི་གྲོང་སྡེའི་རྨང་གཞིའི་སྒྲིག་བཀོད་ལེགས་གཏོང་རྣམ་གྲངས་སྐྲུན་ཡུལ་དུ་བཙན་ཆུ་གྲོང་ཚོའི་ཡུལ་མིས་ཤིང་ཆ་ལས་སྣོན་བྱེད་བཞིན་པ།