དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྒྱལ་ཡོངས་གཞོན་ནུའི་ཚན་རིག་ཁྱབ་གདལ་གསར་གཏོད་ཚོད་ལྟ་དང་བརྩམས་ཆོས་འགྲན་བསྡུར་ཆེན་པོ(བོད་ལྗོངས་འགྲན་ཁུལ)སྐབས་བཅུ་གཅིག་པ་འགྲན་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-24

     ཉེ་ཆར། རྒྱལ་ཡོངས་གཞོན་ནུའི་ཚན་རིག་ཁྱབ་གདལ་གསར་གཏོད་ཀྱི་ཚོད་ལྟ་དང་བརྩམས་ཆོས་འགྲན་བསྡུར་ཆེན་པོ(བོད་ལྗོངས་འགྲན་བསྡུར་ཁུལ)སྐབས་བཅུ་གཅིག་པ་འགྲན་འགོ་ཚུགས་ཤིང་། འགྲན་བསྡུར་ཆེན་པོའི་ནང་ཁྱོན་ལྗོངས་ཡོངས་ཀྱི་སློབ་གྲྭ་21དང་རུ་ཁག་115ཞུགས་ཡོད་པ་དང་། རུ་ཁག་60འབུར་དུ་ཐོན་ནས་བསྐྱར་འགྲན་ལ་ཞུགས་ཐུབ་ཡོད། ཞིབ་དཔྱད་ནན་པོ་བྱས་པ་བརྒྱུད། ད་ཐེངས་ཀྱི་འགྲན་བསྡུར་ཆེན་པོར་བྱ་དགའ་རིམ་པ་དང་པོའི་ཚོགས་ཆུང་5དང་། བྱ་དགའ་རིམ་པ་གཉིས་པའི་ཚོགས་ཆུང་11 བྱ་དགའ་རིམ་པ་གསུམ་པའི་ཚོགས་ཆུང་16 ཕུལ་བྱུང་བྱ་དགའི་ཚོགས་ཆུང་24བཅས་བདམས་ཐོན་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།