དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་བ་དང་པོ་ནས་ལྔ་པ་བར་མྱུར་སྐྱེལ་བསྐུར་མ་དུང་ཕྱུར་787.7ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-06-23

    གསར་འགོད་པས་རྒྱལ་ཁབ་སྦྲག་སྲིད་ཅུས་ནས་ཤེས་རྟོགས་བྱས་པར། ཟླ་བ་དང་པོ་ནས་ལྔ་པ་བར་སྦྲག་སྲིད་ལས་རིགས་ཀྱི་བསྐུར་སྐྱེལ་ལས་སྒོའི་གྲངས་འབོར་རིམ་རྩིས་བརྒྱབ་ན་དུང་ཕྱུར་861.8ཟིན་པ་དེ་དུས་མཚུངས་ལས་17.6%འཕར་ཡོད། དེའི་ནང་མྱུར་སྐྱེལ་བསྐུར་མ་དུང་ཕྱུར་787.7ཟིན་ནས་དུས་མཚུངས་ལས་20.1%འཕར་ཡོད།

    ཟླ་བ་དང་པོ་ནས་ལྔ་པ་བར་སྦྲག་སྲིད་ལས་རིགས་ཀྱི་ལས་སྒོའི་ཡོང་འབབ་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་7187.3ཟིན་པ་དེ་དུས་མཚུངས་ལས་8%འཕར་ཡོད། “མྱུར་སྐྱེལ་ཁེ་ལས་ཀྱིས‘ལྔ་གཅིག’དང་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་གུང་གསེང་དང་ཟུང་འབྲེལ་བྱས་ནས་ཚོང་ལས་དང་། ཡུལ་སྐོར། རིག་གནས། ལུས་རྩལ་སོགས་ལས་རྣམ་མང་པོ་མཉམ་འདྲེས་འཕེལ་རྒྱས་བཏང་ནས་འཛད་སྤྱོད་པའི་ཅ་དངོས་བསྐུར་སྐྱེལ་གྱི་དགོས་མཁོ་བསྐངས་ཡོད”རྒྱལ་ཁབ་སྦྲག་སྲིད་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ཟླ་བ་5པར་མྱུར་སྐྱེལ་ཁྲོམ་རའི་གཞི་ཁྱོན་མགྱོགས་ཙམ་འཕར་ནས་ཉིན་རེའི་ཆ་སྙོམས་ལས་སྒོའི་གྲངས་འབོར་སྔོན་དཔག་བྱས་ན་དུང་ཕྱུར་5.5ལས་བརྒལ་བ་དང་གཙོ་གནད་ས་ཁུལ་གྱི་ཆུ་ཚོད་72རིང་བསྐུར་སྐྱེལ་བྱེད་ཚད་སྔོན་དཔག་བྱས་ན་86.1%ཟིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།