ཀོང་ཤིས་ནན་ཉིང་ནས་བསྐལ་བ་ཡ་ཐོག་གི་གནའ་ཤུལ་ཁག་གཅིག་རྙེད་པ།
ཉེ་ཆར། གསར་འགོད་པར་ཀོང་ཤིས་རིག་དངོས་སྲུང་སྐྱོབ་དང་གནའ་རྫས་རྟོག་ཞིབ་ཞིབ་འཇུག་སུའོ་ནས་ཤེས་རྟོགས་བྱུང་གསལ། ཀོང་ཤིས་ཀྱི་གནའ་རྫས་རྟོག་ཞིབ་ལས་དོན་པས་ཉེ་དུས་སྤེལ་བའི་བྲག་ཕུག་གནའ་ཤུལ་གྱི་ཆེད་དོན་བརྟག་དཔྱད་ཁྲོད། བསྐལ་བ་ཡ་ཐོག་གི་གནའ་ཤུལ་ཁག་གཅིག་གསར་དུ་རྙེད་ཡོད་ཅིང་། དེ་དག་ནི་ནན་ཉིང་གྲོང་ཁྱེར་ཁོངས་སུ་ཡོད་པ་རེད།
གནའ་རྫས་རྟོག་ཞིབ་ལས་དོན་པས་བྲག་ཕུག་ཁག་200ལྷག་ཙམ་ལ་ཡུལ་དངོས་རྟོག་ཞིབ་བྱས་པར། བྲག་ཕུག་གནའ་ཤུལ་ཁག་17དང་། འགྱུར་རྡོ་གནས་ཡུལ་1 རྡོ་ཁེམ་ཆེན་པོའི་གནའ་ཤུལ་ཁག་2བཅས་གསར་དུ་རྙེད་པ་དང་། ཤུལ་བཞག་དངོས་རྫས་སྣ་ཚོགས་400ལྷག་ཙམ་འཚོལ་བསྡུ་ཐུབ་ཡོད་པ་རེད།