དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • ལྷོ་ཁའི་ཟ་རྭ་ལམ་གྱི་གཙང་པོ་སྒྲོལ་བའི་ཟམ་ཆེན་བདེ་བླག་ངང་སྐྲུན་བཞིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-23

     འདི་ནི་འཛུགས་སྐྲུན་བྱེད་བཞིན་པའི་ཟ་རྭ་ལམ་གྱི་གཙང་པོ་སྒྲོལ་བའི་ཟམ་ཆེན་ཡིན་པ།

    ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སུ་ཡོད་པའི་ཟ་རྭ་ལམ་གྱི་གཙང་པོ་སྒྲོལ་བའི་ཟམ་ཆེན་ནི་ལྷོ་ཁ་གྲོང་ཁྱེར་གྱི“ལོ་ལྔ་ཚན་བཅུ་བཞི་པའི”གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་གཙོ་གནད་རྣམ་གྲངས་ཤིག་རེད། ཟླ་6ཚེས་18ཉིན་ཟམ་གདུང་དང་པོ་བདག་སྐྱོང་གི་ཚད་གཞི་ལོན་ནས་ཟམ་ཆེན་འཛུགས་སྐྲུན་དེ་གདུང་མ་འགེལ་བའི་དུས་མཚམས་སུ་སླེབས་ཤིང་། ཨར་པོ་བ་260ལྷག་ཙམ་གྱིས་ཉིན་མཚན་མེད་པར་ལྕགས་ཟམ་དང་ངོགས་གཉིས་ཀྱི་ཟམ་གདུང་བཟོ་སྐྲུན་བྱེད་བཞིན་ཡོད།

    ཀྲུང་གོ་ལྕགས་ལམ་ཅན་ཁྲེང་ཐུང་ཀུང་སིས་འགན་ཁུར་ནས་སྐྲུན་བཞིན་པའི་ལྷོ་ཁའི་ཟ་རྭ་ལམ་གྱི་གཙང་པོ་སྒྲོལ་བའི་ཟམ་ཆེན་གྱི་རིང་ཚད་ལ་སྨི་1457ཡོད་པ་དང་ཡར་ཀླུང་གཙང་པོའི་ལྷོ་ཁ་དུམ་བུ་བར་འཕྲེད་བརྒལ་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།