2025ལོའི“ཐའོ་ལི་བུམ་པའི”ཞབས་བྲོའི་སྒྱུ་རྩལ་འགྲེམས་འཁྲབ་བོད་ལྗོངས་ས་ཚིགས་ཀྱི་མིང་ཐོ་འགོད་འགོ་ཚུགས་པ།
གསར་འགོད་པས་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱས་པར་གཞིཌ་ན། རྒྱལ་ནང་གི་ཞབས་བྲོའི་སྒྱུ་རྩལ་ཁྱབ་ཁོངས་ཀྱི་དབང་གྲགས་ལྡན་པའི“ཐའོ་ལི་བུམ་པའི”འགྲན་བསྡུར་2025ལོའི་ཟླ་7པར་ལྷ་ས་གྲོང་ཁྱེར་དུ་བོད་ལྗོངས་ཀྱི་འགྲེམས་འཁྲབ་ཐོག་མ་བྱེད་རྒྱུ་རེད། དེ་རིང་ནས་2025ལོའི་ཟླ་7ཚེས་10ཉིན་བར། 2025 ལོའི“ཐའོ་ལི་བུམ་པའི”ཞབས་བྲོའི་སྒྱུ་རྩལ་འགྲེམས་འཁྲབ་བོད་ལྗོངས་ས་ཚིགས་ཀྱིས་ལྗོངས་ཡོངས་ཀྱི་ཞབས་བྲོ་སྦྱོང་མཁན་དང་དེ་བཞིན་ཚོགས་པར་ཕྱོགས་ནས་དངོས་སུ་མིང་ཐོ་འགོད་འགོ་བཙུགས་ཏེ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་ཚོར་རྒྱལ་ཁབ་རིམ་པའི་སྒྱུ་རྩལ་ངོམ་སྟོན་གྱི་སྟེགས་བུ་ཞིག་མཁོ་འདོན་བྱ་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་ས་ཚིགས་སུ་དམིགས་བསལ་རིམ་པའི་བྱ་དགའ་དང་། བྱ་དགའ་རིམ་པ་དང་པོ། དམིགས་བསལ་བྱ་དགའ་བཅས་ཐོབ་པའི་ཕུལ་བྱུང་བདམས་ཐོན་པ་དང་བརྩམས་ཆོས་ལ་ཧྲེན་ཀྲེན་དུ་བསྐྱོད་ནས་རྒྱལ་ཡོངས་ཁྱོན་ཡོངས་ཀྱི་འགྲེམས་འཁྲབ་ལ་ཞུགས་པའི་སྤ་སེ་རག་གི་ཡོད་པ་རེད།