དཔེ་བཟང་གི་གཏམ་རྒྱུད་ཉན། མིག་དཔེའི་ནུས་པ་བཏོན།
འདི་ནི་མཆོག་ལེགས་ཀྱིས་སློབ་མར་རང་ཉིད་ཀྱི་ལས་གཏོད་གཏམ་རྒྱུད་བརྗོད་བཞིན་པ།
འདི་ནི་སློབ་མས་ཁོང་གི་གཏམ་བཤད་ནན་ཏན་གྱིས་ཉན་བཞིན་པ།
ཉེ་ཆར། མལ་གྲོ་གུང་དཀར་རྫོང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཐང་སྐྱ་ཤང་ལྟེ་བའི་སློབ་ཆུང་དུ་དབང་པོ་སྐྱོན་ཅན་གྱི་རང་བརྩོན་དཔེ་བཟང་བའི་བརྩོན་སྐྱེད་སྙན་ཞུ་སློབ་གྲྭར་སྤེལ་བའི་བྱེད་སྒོ་གཉེར་བ་རེད། བྱེད་སྒོའི་ཁྲོད་རྒྱལ་ཡོངས་ཀྱི་རང་བརྩོན་དཔེ་བཟང་བ་ཐེངས་བདུན་པ་ཐོབ་མཁན་མཆོག་ལེགས་ཀྱིས“རྐུབ་སྟེགས་འཁོར་ལོ་ཅན་ལ་བརྟེན་ནས་ཕུགས་འདུན་མངོན་འགྱུར་བྱེད། འབད་པ་ལྷུར་ལེན་གྱིས་མི་ཚེའི་རིན་ཐང་མངོན་པར་བྱེད”ཅེས་པ་ཁ་བྱང་དུ་བྱས་ཏེ། རང་ཉིད་ཀྱི་ལས་གཏོད་འབད་འཐབ་དང་མང་ཚོགས་ལ་ཡོང་འབབ་འཕར་བར་སྐུལ་ཁྲིད་བྱེད་པའི་གཏམ་རྒྱུད་མཉམ་སྤྱོད་བྱས་ནས། དགེ་སློབ་ཡོངས་ལ་དུས་རབས་གསར་པའི་དབང་པོ་སྐྱོན་ཅན་གྱི་རང་བཀུར་དང་། རང་རྟོན། རང་ཚུགས། རང་བརྩོན་བཅས་ཀྱི་ཉམས་འགྱུར་མངོན་པར་བྱས་ཡོད།