དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱི་ས་རྒྱུ“ཡོངས་བཤེར་ཐེངས་གསུམ་པའི”ལས་རིཌ་ནང་ཁུལ་གྱི་ཞིབ་བཤེར་རྩིས་ལེན་གྱི་རྒྱལ་ཁབ་རིམ་པའི་འཐེན་བཤེར་ཚད་ལོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-22

    ཉིན་ཤས་གོང་། བོད་རང་སྐྱོང་ལྗོངས་རྒྱལ་ཡོངས་ཀྱི་ས་རྒྱུ་ཡོངས་བཤེར་གྱི་ལས་རིགས་ནང་ཁུལ་གྱི་ཞིབ་བཤེར་རྩིས་ལེན་ཐེངས་གསུམ་པའི་རྒྱལ་ཁབ་རིམ་པའི་འཐེན་བཤེར་ཚད་ལོན་ཞིང་། རྒྱལ་ཁབ་རིམ་པའི་འཐེན་བཤེར་ལས་དོན་ཚོགས་ཆུང་གིས་ལས་དོན་སྙན་སེང་དང་། དཔྱད་གཞི་ཞིབ་བཤེར། གྲངས་གཞི་འཐེན་དཔྱད། རིགས་གཅིག་མཁས་ཅན་གྱི་དཔྱད་བསྡུར་སྐར་མ་རྒྱག་པ། འཐེན་བཤེར་སྙན་ཞུ་བཅས་གོ་རིམ་ལྔ་བརྒྱུད། བོད་ཀྱི་ས་རྒྱུ“ཡོངས་བཤེར་ཐེངས་གསུམ་པའི”མ་དཔེ་བཟོ་བ་དང་། ཉར་ཚགས། ཞིབ་དཔྱད་ཚད་ལེན། གྲངས་གཞི་ཞིབ་བསྡུར། ལས་རིགས་ནང་ཁུལ་གྱི་ཞིབ་བཤེར་རྩིས་ལེན་སོགས་ལྷུ་ཚིགས་ལ་དཔྱད་དཔོག་ནན་པོ་བྱས་ཤིང་། མཐར་རང་སྐྱོང་ལྗོངས་ཀྱི་ལས་རིགས་ནང་ཁུལ་གྱི་ཞིབ་བཤེར་རྩིས་ལེན་ལས་དོན་དེ་རྒྱལ་ཁབ་ཀྱི་ལག་རྩལ་ཚད་ལྡན་གྱི་བླང་བྱ་དང་མཐུན་པའི་ངོས་འཛིན་བྱས་ཏེ་ཞིབ་བཤེར་རྩིས་ལེན་བདེ་བླག་བྱུང་ཡོད།

    ས་རྒྱུ“ཡོངས་བཤེར་ཐེངས་གསུམ་པ”ནི་ལོ་40ལྷག་ཙམ་སོང་རྗེས་སྤེལ་བའི་རྒྱལ་བབ་དང་རྒྱལ་ཁབ་ཀྱི་སྟོབས་ཤུགས་ལ་བརྟག་དཔྱད་གལ་ཆེན་བྱས་པ་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་རང་རྒྱལ་གྱི་ས་རྒྱུའི་རིགས་དང་། སྤུས་ཚད། དེ་བཞིན་ཁྱབ་ཚུལ་བཅས་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་ཏེ། ས་རྒྱུ་ཚན་རིག་དང་མཐུན་པའི་རིགས་དབྱེ་དང་། ཞིང་ལས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས། སྐྱེ་ཁམས་སྲུང་སྐྱོང་སླར་གསོ་བཅས་ལ་གཞི་རྩའི་འདེགས་སྐྱོར་མཁོ་འདོན་ཆེད་རེད། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་ཞིག་ཡིན་པའི་ངོས་ནས་བོད་ཀྱིས་ས་རྒྱུ“ཡོངས་བཤེར་ཐེངས་གསུམ་པའི”གྲུབ་འབྲས་ལ་བརྟེན་ཏེ། ས་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་། ཁྱད་ལྡན་ཞིང་འབྲོག་ལས་འཕེལ་རྒྱས། གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་བཅས་ལ་གྲངས་གཞིའི་རྒྱབ་སྐྱོར་གལ་ཆེན་མཁོ་འདོན་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།