དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མངའ་རིས་ས་ཁུལ་གྱིས་ཤེས་ལྡན་པའི་དཔུང་ཁག་གི་སྤུས་འབོར་གཉིས་ཀ་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-22

    ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་གྱིས་ཤེས་ལྡན་པ“གསོ་སྐྱོང་། གདན་ཞུ། བཀོལ་སྤྱོད། གནས་ཐུབ་པ”བཅས་ལ་གནད་སྨིན་ཤུགས་འདོན་བྱེད་པར་དམིགས་ཏེ་ཤེས་ལྡན་པའི་དཔུང་ཁག་གི་སྤུས་ཚད་མཐོ་རུ་དང་གྲངས་འབོར་མང་དུ་གཏོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད།

    གསོ་སྐྱོང་ཞིབ་ཚགས་བྱས་ནས་ཤེས་ལྡན་པ་འཚར་ལོངས་ཡོང་བར་ཆ་རྐྱེན་ཡག་པོ་བསྐྲུན་པ། མངའ་རིས་ས་ཁུལ་གྱིས“བཅུ་བརྒྱ་སྟོང”གི་ཤེས་ལྡན་པ་གསོ་སྐྱོང་གི་འདུ་འགོད་ལག་ལེན་ཤུགས་ཆེན་བསྟར་ཏེ། ལྗོངས་ཕྱིའི་ཞིང་ཆེན་དང་གྲོང་ཁྱེར་གྱི་ལས་བྱེད་པའི་སློབ་གླིང་དང་མཐོ་རིམ་སློབ་གླིང་སོགས་སྤུས་ལེགས་ཐོན་ཁུངས་ལ་བརྟེན་ནས་ས་གནས་དེ་གའི་ཐོན་ལས་ཀྱི་དགོས་མཁོ་དང་མཐུན་པའི་ཆེད་ལས་སློབ་ཚན་བཀོད་སྒྲིག་བྱས་ཏེ་མི་ཐེངས་570ལྷག་ཙམ་ལ་གསོ་སྦྱོང་ཐེངས་19བྱས་པ་རེད།

    གཙོ་གནད་ཁྱབ་ཁོངས་ཀྱི་ཆེད་ལས་ཤེས་ལྡན་པ་གསོ་སྐྱོང་འཆར་གཞི་ལག་བསྟར་བྱས་ནས་སྒོར་ཁྲི་260བཏང་སྟེ་ཞིང་འབྲོག་དང་གཞུང་ཁོངས་ཁེ་ལས་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་རིམ་པ་ཁག་གི་ཤེས་ལྡན་པ་གསོ་སྐྱོང་ཐད་རྒྱབ་སྐྱོར་བྱས་ཡོད། “བརྒྱུད་རོགས་ཁྲིད”གསུམ་གྱི་ཤེས་ལྡན་པ་གསོ་སྐྱོང་ལམ་སྲོལ་བཙུགས་ཏེ“ཚོགས་པས་ཚོགས་པ་འཁྲིད་པ་དང་། རིགས་གཅིག་མཁས་ཅན་གྱིས་རྐང་འཛིན་པ་འཁྲིད་པ། དགེ་རྒན་གྱིས་དགེ་ཕྲུག་འཁྲིད་པ”བཅས་ཀྱི་རྣམ་པའི་ཐོག་ནས་ལག་ལེན་གྱི་མཛུབ་ཁྲིད་དང་ཉམས་མྱོང་མཉམ་སྤྱོད་བྱས་པ་བརྒྱུད། ས་གནས་དེ་གའི་རྐང་འཛིན་ཤེས་ལྡན་པ་100ལྷག་ཙམ་གསོ་སྐྱོང་བྱས་ནས་ཤེས་ལྡན་པ་འཚར་ལོངས་ཀྱི་འཕེལ་རིམ་མགྱོགས་སུ་བཏང་བ་རེད།

    ཤེས་ལྡན་པ་བསྡུ་ལེན་རྒྱ་ཁྱབ་བྱས་ནས་འཕེལ་རྒྱས་ཀྱི་སྒུལ་ནུས་ཆེན་པོ་གཅིག་སྡུད་བྱས་པ། སྲིད་ཇུས་ཀྱི“རྗེས་ཐོན་ཁྱད་ཡོན”གྱིས་རང་བྱུང་ཆ་རྐྱེན་གྱི་ཞན་ཆ་གསབ་རྒྱུ་མཐའ་འཁྱོངས་བྱས་ཏེ།《མངའ་རིས་ཁུལ་གྱི་ཤེས་ལྡན་པ་ནང་འདྲེན་ལག་བསྟར་བྱེད་ཐབས(ཚོད་ལྟའི་ལག་བསྟར)》བཟོས་ནས་བཀྲམ་སྟེ། སྲིད་ཇུས་ཀྱི་ཐོབ་ཐང་ལེགས་སུ་བཏང་བ་དང་། ཤེས་ལྡན་པ་ནང་འདྲེན་གྱི་ཐབས་ལམ་རྒྱ་ཆེར་བཏང་ཞིང་། མཐོ་སློབ་གཅིག་སྡུད་ཁུལ་དང་ཤེས་ལྡན་པ་མང་སར་ཆེད་དམིགས་ལས་བསྡུའི་འདུ་ཚོགས་འཚོགས་ཏེ། 2024ལོར“འཕྲལ་དུ་མཁོ་བའི”ཆེད་ལས་ཤེས་ལྡན་པ་24དང་རིམ་པ་མཐོ་བའི་རིགས་གཅིག་མཁས་ཅན་ཚོགས་པ་3ནང་འདྲེན་བྱས་པ་དེ་ཉེ་བའི་ལོ་གསུམ་རིང་ཤེས་ལྡན་པ་ནང་འདྲེན་བསྡོམས་འབོར་གྱི་ལྡབ་4.8ཡིན་པས། མེད་པ་ནས་ཡོད་པ་དང་། ཉུང་བ་ནས་མང་བའི་བར་གྱི་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་མངོན་འགྱུར་བྱུང་ཡོད། བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་གི་དགོས་མཁོར་དམིགས་ནས། ལྗོངས་ཕྱི་ནས་ཆེད་དམིགས་གདན་ཞུ་དང་རྒྱུགས་ལེན་གདན་ཞུ་སོགས་ཀྱི་ཐབས་ལམ་སྤྱད་དེ། 2024ལོར་ལས་བྱེད་ཤེས་ལྡན་པ་366གསར་དུ་གདན་ཞུ་བྱས་ནས་ཤེས་ལྡན་པའི་དཔུང་ཁག་གི་གྲུབ་ཆ་སྔར་བས་ལེགས་སུ་བཏང་བ་རེད།

    ཤེས་ལྡན་པ་སྤྱོད་མཁས་པོ་བྱས་ནས་ཤེས་ལྡན་པའི་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱས་པ། མི་དང་ལས་གནས་ཕན་ཚུན་འཚམ་པ་དང་བཟང་ཆ་དར་སྤེལ་དང་ཞན་ཆ་དོར་བའི་རྩ་དོན་མཐའ་འཁྱོངས་ཀྱིས། ཆེད་ལས་ཤེས་ལྡན་པ་230ལ་ལས་གནས་ལེགས་སྒྲིག་བྱས་ཏེ་མི་ནུས་གང་ཡོད་འདོན་པ་དང་ཡོན་ཏན་གང་ལེགས་སྤྱོད་པའི་འགན་ལེན་བྱས་ཡོད། ཤེས་ལྡན་པའི་འཁོར་འབྲེལ་དེ་གསར་གཏོད་འཁོར་འབྲེལ་དང་ལས་གཏོད་འཁོར་འབྲེལ་དང་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང“གཙོ་གནད་རྣམ་གྲངས་ཀྱི་ཤེས་ལྡན་པའི་འདེགས་སྐྱོར་འཆར་གཞི”དང་ཚན་རིག་ཞིབ་འཇུག་རྣམ་གྲངས་ཀྱི“ཁས་ལེན་གཙོ་འགན”ལམ་སྲོལ་གཏིང་ཟབ་ཏུ་བཏང་ནས། ཤེས་ལྡན་པའི་ཐོན་ཁུངས་གསར་སྤེལ་ཆེད་དོན་མ་དངུལ་སྒོར་ཁྲི་1000བཀོད་སྒྲིག་བྱས་ཏེ་རིགས་གཅིག་མཁས་ཅན་དང་ཤེས་ལྡན་པས་ཆེད་ལས་ཀྱི་ལེགས་ཆ་སྤྱད་དེ་ཚན་རྩལ་གསར་གཏོད་དང་ཐོན་ལས་འཕེལ་རྒྱས་སོགས་གཙོ་གནད་རྣམ་གྲངས་ལ་སྣེ་ཁྲིད་དང་། སྦྲེལ་མཐུད། འགན་འཁུར་བཅས་བྱ་རྒྱུར་རྒྱབ་སྐྱོར་བྱས་པ་རེད།

    མི་སེམས་དྲོད་ནས་གནས་ཐུབ་པར་བྱས་ཏེ་ཤེས་ལྡན་པ་རྩེ་གྲའི་ཁོར་ཡུག་བཏོད་པ། ཤེས་ལྡན་པའི་ཞབས་ཞུའི་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ཤེས་ལྡན་པའི་སྲིད་ཇུས་ཐོབ་ཐང་དོན་འཁྱོལ་གྱི་རྩིས་ཐོ་བཟོ་བ། དོན་འཁྱོལ་གནས་ཚུལ་ལ་རྗེས་སྙེག་དང་ཕན་འབྲས་འདྲི་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཚན་ཞིབ་ཁ་གསབ་དང་མི་སྒེར་གྱི་ཁ་གསབ་སོགས་མ་དངུལ་ཁྱོན་སྒོར་ཁྲི་57སྤྲད་པ་དང་། སྡོད་ཁང་དང་། སྨན་བཅོས། བུ་ཕྲུག་གི་སློབ་གསོ་སོགས་ལེ་ལག་ཚང་བའི་སྲིད་ཇུས་དོན་འཁྱོལ་ནན་པོ་བྱས་ཏེ། ཤེས་ལྡན་པའི་ཕུགས་ཀྱི་སེམས་ཁྲལ་ཕྱོགས་ཡོངས་ནས་བསལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།