འབྲུབ་འགོག་གི་བསམ་བློ་སྔོན་ལ་གཏོང་དགོས་ལ་བྱ་སྤྱོད་ཀྱང་སྔོན་ལ་སྤེལ་དགོས།
འབྲུབ་འགོག་གི་ལས་ཀ་ཇི་ལྟར་བྱས་ནས་ཡག་པོ་སྒྲུབ་དགོས། ཀོང་ཏུང་མའོ་མིང་གི“ཁྲིད་དཔེ་ལྟ་བུའི”ཛ་དྲག་ཉེན་གཡོལ་ཁྲོད་ནས་བློ་སྒོ་ཕྱེ་ཡོད།
ཉིན་འགའི་གོང་གྲོང་ཁྱེར་དེའི་ཀུའེ་ཙི་གྲོང་རྡལ་ཀྲུང་ཧོ་གྲོང་ཚོའི་ལས་བྱེད་པས་མཚན་མོར་སྐོར་ཞིབ་བྱེད་སྐབས། རྒྱུག་ཆུའི་ཁ་དོག་རྒྱུན་གཏན་མིན་པ་ཤེས་རྟོགས་བྱུང་། གྲོང་རྡལ་དང་གྲོང་ཚོའི་ལས་བྱེད་པས་འཕྲལ་ཐག་ཆོད་པོས་བྱ་སྤྱོད་སྤེལ་ཏེ་རི་མ་ཉིལ་གོང་གི་ཆུ་ཚོད་གཅིག་ནང་དུད་ཚང་25ཡི་ཡུལ་མི་57བདེ་འཇགས་ངང་གནས་སྤོ་བྱས་པས་མི་གཅིག་ཀྱང་ཤི་རྨས་བྱུང་མེད།
གནོད་འཚེ་སྔོན་འགོག་དང་ཉུང་དུ་གཏོང་བར། སྔོན་ལ་འདུ་ཤེས་ཟབ་ཏུ་གཏོང་དགོས། “འགོག་སྲུང་བཅུ་བྱེད་དགོས་བྱུང་ཡང་གཅིག་ཕན་ཐོགས་ན་འགྲིག”མཐའ་ཚད་ཀྱི་བསམ་གཞིག་ཆེ་རུ་བཏང་སྟེ་སྔོན་ཚུད་ཀྱི་འགོག་སྲུང་ལས་དོན་ཁག་ཏན་ཏིག་དང་ཞིབ་ཕྲ་སྒྲུབ་དགོས། དོགས་ཟོན་ཅུང་ཙམ་མང་ན་རང་འགུལ་ཅུང་ཙམ་མང་དུ་འགྲོ་སྲིད།
“དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་བྱེད་པ”ནས“དོན་དག་ཚང་མ་དོན་འཁྱོལ་གནད་ལ་འཁེལ་བའི”བར་འགག་རྩ་ནི་ལམ་སྲོལ་ལ་ཐུག་ཡོད། གནོད་འཚེ་འཕྲད་སྐབས་སྔོན་བརྡ་གཏོང་བ་དང་། ཉེན་གཡོལ་གནས་སྤོ་བྱེད་པ། མི་གཅིག་ཀྱང་མི་ལུས་པ། ནུས་ལྡན་ཕན་ཆེ་བཅས་ཀྱི་རྒྱབ་ཕྱོགས་སུ་མ་ལག་ཅན་དང་ལམ་ལུགས་ཅན་གྱི་སྟོབས་ཤུགས་ཡོད། དེ་དང་ཆབས་ཅིག ཚན་རྩལ་གྱིས་མཐུན་རྐྱེན་སྦྱོར་མཁས་པོ་བྱས་ཏེ་གནོད་འཚེར་འགོག་རྒོལ་དང་ཁ་གཏད་གཅོག་ནུས་ཆེ་རུ་གཏོང་དགོས།
ཡུན་རིང་མ་སོང་བར་རང་རྒྱལ་འབྲུབ་འགོག་གི་འགག་རྩའི་དུས་སུ་སླེབས་རྒྱུ་ཡིན་པས། ཐོག་མཐའ་བར་གསུམ་དུ་འགན་འཁྲིའི་རྩ་བར་དམ་འཛིན་བྱས་ཏེ། བསམ་བློ་སྔོན་ལ་གཏོང་བ་དང་བྱ་སྤྱོད་སྔོན་ལ་སྤེལ་ཏེ་གྲ་སྒྲིག་ཨང་གསར་གྱི་ཐོག་ནས་འབྱུང་སྲིད་པའི་གནས་ཚུལ་ལ་ཁ་གཏད་གཅོག་དགོས།