དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕན་ཚུན་འབྲེལ་མཐུད་ལ་སྟོབས་ཤུགས་དེ་བས་ཆེ་བ་འདོན་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།   ཀུང་མིང་། ཁྲེན་ཞི་རུའེ།   |     སྤེལ་དུས།  2025-06-21

    ཉེ་ཆར། “ཤེས་དཔལ་དང་ཞི་བདེ། ཕ་ཐེ་ནུང་ལྷ་ཁང་ནས་ཡོན་མིང་ཡོན་བར”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི“གནའ་བོའི་གྲོང་ཁྱེར་གྱི་ཤེས་དཔལ་གླེང་མོལ”གྱི་སྤེལ་རེས་བྱེད་སྒོ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གོ་དང་། ཀེ་རི་སེ། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་བཅས་ནས་ཡོང་བའི་འཐུས་མི་དང་། རིགས་གཅིག་མཁས་ཅན་དང་མཁས་དབང་། གཞོན་ནུ་སློབ་མ་བཅས་ཀྱིས“ཤེས་དཔལ་དང་སྤྱི་ཚོགས”དང“གསར་གཏོད་དང་འབྱུང་འགྱུར”སོགས་ཀྱི་བརྗོད་གཞིར་གླེང་མོལ་བྱས་པ་རེད།

    ཉེ་བའི་ལོ་ཤས་རིང་། ཀྲུང་ཀེ་རྒྱལ་ཁབ་གཉིས་ཀྱིས་མཉམ་འབྲེལ་ཐོག་ཀྲུང་ཀེའི་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པའི་ལྟེ་གནས་སོགས་བཙུགས་ནས་རྒྱལ་ཁབ་གཉིས་དང་འཛམ་གླིང་ལ་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་ལས་སྟེགས་གསར་པ་བསྐྲུན་ཡོད། 2023ལོའི་ཟླ་2པར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀེ་རི་སེའི་མཁས་དབང་ལ་འཕྲིན་ལན་སྤྲིངས་ནས་ཀྲུང་ཀེའི་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པའི་ལྟེ་གནས་བཙུགས་པར་རྟེན་འབྲེལ་ཞུས་གནང་བ་རེད། ཀེ་རི་སེའི་ཁེ་ལི་ཐེ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་དང་ཀྲུང་ཀེའི་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པའི་ལྟེ་གནས་ཀྱི་ཀྲུའུ་ཞི་ཁེ་ལོ·པ་ལ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་ལ་མཉམ་འབྲེལ་ཐོག་འཕྲིན་ཡིག་སྤྲིངས་མཁན་མཁས་དབང་ལྔའི་གྲས་ཤིག་ཡིན་ཞིང་། ཁོང་གིས“ལྟེ་གནས་ཀྱིས་རྒྱལ་ཁབ་གཉིས་པོའི་རིག་གནས་སྤེལ་རེས་དང་ཕན་ཚུན་བསམ་ཤེས་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་བཏོན་ཡོད། ང་ཚོས་ཀེ་རི་སེའི་ན་གཞོན་མཁས་དབང་ཚོས་རྒྱ་ཡིག་སྦྱངས་ནས་ཀྲུང་ཧྭའི་རིག་གནས་སྔར་བས་གཏིང་ཟབ་དང་ཡང་དག་པའི་སྒོ་ནས་ཤེས་རྟོགས་ཀྱིས་རྒྱལ་ཁབ་གཉིས་པོའི་ན་གཞོན་མི་རབས་དབར་སྤེལ་རེས་དང་མཛའ་གྲོགས་འབྲེལ་བ་འཛུགས་རྒྱུར་སྐུལ་མ་གཏོང་གི་ཡོད”ཅེས་བརྗོད།

    ཀྲུང་གོ་རྒྱལ་ཁབ་རིག་དངོས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཤེ་པིང་གིས་ཀྲུང་ཀེ་རྒྱལ་ཁབ་གཉིས་པོའི་རིག་དངོས་སྲུང་སྐྱོང་དང་འགྲེམས་སྟོན་སྤེལ་རེས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གྲུབ་འབྲས་ངོ་སྤྲོད་བྱས་ཤིང་། ཁོང་གིས་ལོ་བརྒྱའི་འགྱུར་ལྡོག་མགྱོགས་སུ་འགྲོ་བཞིན་ཡོད་པའི་རྒྱབ་ལྗོངས་འོག ཀྲུང་ཀེ་རྒྱལ་ཁབ་གཉིས་ཀྱིས་གཉིས་ཕན་མཉམ་ལས་དང་ཤེས་དཔལ་སྤེལ་རེས་ཀྱི་འབྲེལ་ཐག་ཆེན་པོ་གཉིས་དམ་དུ་བཏང་ནས། ཀྲུང་ཀེའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བཞིན་ཡོད་ཅེས་བརྗོད་པ་རེད།

    ཀེ་རི་སེའི་ཡུལ་སྐོར་པུའི་པུའུ་ཀྲང་ཟུར་པ་ཅི་སྨི་ཐེ་ལི་སི·ཨ་ཧྥུའུ་ལ་མོ་ཕུའུ་ལུའོ་སིས“རིག་གནས་ལ་བརྩི་འཇོག་དང་། སྒོ་དབྱེ་རྒྱུན་འཁྱོངས། སྣ་མང་རང་བཞིན་ལྡན་པ་བཅས་ནི་ཕན་ཚུན་ཡིད་ཆེས་ཀྱི་བྱེད་ཐབས་གཙོ་བོ་ཡིན་པས། དེས་ཕན་ཚུན་འབྲེལ་མཐུད་ལ་སྟོབས་ཤུགས་དེ་བས་ཆེ་བ་འདོན་ཐུབ་པའི”ངོས་འཛིན་བྱས་པ་རེད།

    “དེ་རིང་ང་ཚོ་ནི་རང་སོ་སོའི་རྒྱལ་ཁབ་ཀྱི་འཐུས་མི་ཡིན་པ་མ་ཟད། རིག་གནས་ཤུལ་བཞག་དང་ཤེས་དཔལ་གྱི་གནའ་བོའི་གྲོང་ཁྱེར་སྲུང་མཁན་ཡང་ཡིན”ཞེས་ཀྲུང་གོར་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་འཕེལ་རྒྱས་ཁོངས་གཏོགས་ཀྱི་མཐུན་སྦྱོར་བ་ཁྲང་ཆི་ཏེ་ཡིས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།