འདམ་ར་སླར་གསོ་བྱས་ནས། སྲོལ་རྒྱུན་རྒྱུན་མཐུད་ཐུབ་པ།
འདི་ནི་མེ་སོ་པུ་ཏ་སྨི་ཡའི་ན་འདམ་གྱི་སྐྱེ་ཁམས་ཡུལ་ལྗོངས་ཡིན་པ། (མུའུ་ཧན་མོ་ཏེས་པར་བླངས)
འདི་ནི་གྲུ་པ་ཧ་ལི་ཏེ·ཅ་ཤིས་མུའུ་ཡིས་ཡུལ་སྐོར་བར་ཡུལ་སྐོར་སྣེ་ཤན་བྱེད་བཞིན་པ། (འདི་ག་ཚགས་པར་གྱི་གསར་འགོད་པ་ཀོན་ཁེ་ཅང་གིས་པར་བླངས)
མེ་སོ་པུ་ཏ་སྨི་ཡའི་ན་འདམ་ནི་དབྱི་རག་གི་ལྷོ་རྒྱུད་ཀྱི་ཡིའུ་ཧྥ་ལ་ཏི་ཆུ་བོ་དང་ཏི་ཀོ་ལི་སི་ཆུ་བོ་གཉིས་ཀྱི་འདྲེས་མཚམས་སུ་གནས་ཤིང་། དེ་ནི་འཛམ་གླིང་ཐོག་རྒྱ་ཁྱོན་ཆེ་ཤོས་ཀྱི་སྐམ་སའི་ཟུར་གསུམ་གླིང་ཕྲན་ཁོངས་གཏོགས་ཀྱི་གྲས་ཤིག་ཡིན་པ་དང་། 2016ལོར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་འཛམ་གླིང་ཤུལ་བཞག་མིང་གཞུང་ནང་བཅུག་ཡོད། འདས་ཟིན་པའི་ལོ་བཅུ་ཕྲག་ཁ་ཤས་རིང་། གནམ་གཤིས་འགྱུར་ལྡོག་སོགས་ཀྱི་རྐྱེན་པས་འདམ་རའི་རྒྱ་ཁྱོན་ཆུང་དུ་ཤུགས་ཆེན་ཕྱིན་ཏེ། ས་གནས་དེ་གའི་དམངས་ཚོགས་ས་ཆ་གཞན་ལ་གནས་སྤོ་དགོས་བྱུང་ཡོད། ཉེ་བའི་ལོ་ཤས་རིང་། དབྱི་རག་སྲིད་གཞུང་གིས་བྱ་ཐབས་སྣ་མང་སྤྱད་ནས་འདམ་ར་སྲུང་སྐྱོང་བྱས་པས། དམངས་ཚོགས་ཁ་ཤས་འདམ་རའི་ཁུལ་དུ་ལོག་སྟེ་ཡུལ་སྐོར་ལས་རིགས་སོགས་སྲོལ་རྒྱུན་ལས་རིགས་ལ་གཞོལ་བཞིན་ཡོད་པ་རེད།