དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཧྲན་ཏུང་ཅི་མོའི་གྲོ་བཟོ་ཁེ་ལས་ལ་མངགས་ཐོ་མང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-06-21

    ཉེ་ཆར། ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཁྱེར་ཅི་མོ་ཆུས་སུ་གནས་པའི་ཚོང་འགུགས་བཟོ་ལས་ཆིང་ཏའོ་གྲུ་གཟིངས་བཟོ་གྲྭར་བྲེལ་བརྩོན་ཆེ་བ་དང་། བཟོ་པ་ཚོས་བྲེལ་འཚུབ་ངང་ཕྱིར་གཏོང་གྲུ་གཟིངས་ཐོན་སྐྱེད་བྱས་ཏེ་དུས་ལྟར་གྲུ་གཟིངས་རྩིས་སྤྲོད་ཐུབ་པར་འགན་ལེན་གང་ལེགས་བྱེད་ཀྱི་ཡོད།

    ད་ལོ་ནས་བཟུང་། ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཁྱེར་གྱི་གྲུ་བཟོ་ཁེ་ལས་ཀྱིས་རྒྱལ་སྤྱིའི་ཁྲོམ་རའི་འགྱུར་ལྡོག་གི་གོ་སྐབས་དམ་འཛིན་བྱས་ཏེ་ལག་རྩལ་ཞིབ་བཟོ་གསར་གཏོད་ལ་ཤུགས་སྣོན་བརྒྱབ་ནས་ཐོན་ལས་འཁོར་འབྲེལ་མཉམ་ལས་ལེགས་སུ་གཏོང་བ་དང་། ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ། ཐོན་སྐྱེད་བཟོ་སྐྲུན་གྱི་རྩེར་སོན་ཅན་དང་། རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ལྡན་པའི་གྲུ་གཟིངས་བཟོ་སྐྲུན་ཐོན་ལས་ཚོ་འདུས་གཏོད་ཀྱི་ཡོད།

    འདི་ནི་ཕྱི་རྒྱལ་ནས་མངགས་ཉོ་བྱས་པའི་གྲུ་གཟིངས་ཤིག་ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཁྱེར་ཅི་མོ་ཆུས་སུ་ཡོད་པའི་ཚོང་འགུགས་བཟོ་ལས་ཆིང་ཏའོ་གྲུ་གཟིངས་བཟོ་གྲྭ་ནས་བཏང་སྟེ་རྩིས་སྤྲོད་པའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།