དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • འགན་འཁྲི་ཁུར་ནས་ལང་ཚོའི་དོན་སྙིང་ལ་ལན་འདེབས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-06-21

    ◆ ཚང་མས་གླེང་བ། ནུབ་རྒྱུད་གདམ་ག་བྱས་ནས་དེ་གར་རྩ་བ་ཚུགས་པ་དང་བྱས་རྗེས་འཇོག་པ།

    ད་ཆ་གཞོན་ནུ་མང་པོ་ཞིག་གིས་ནུབ་རྒྱུད་དུ་བསྐྱོད་རྒྱུའི་གདམ་ག་བྱས་ནས་ལང་ཚོའི་སྟོབས་ཤུགས་སྐྱེས་སུ་འབུལ་བ་དང་ངོ་མཚར་ཆེ་བའི་ལེའུ་རྩོམ་བཞིན་མཆིས། ནུབ་རྒྱུད་ས་ཁུལ་དང་གཞི་རིམ་གྱི་འཐབ་ས་དང་པོ་ནས་འཚར་ལོངས་གང་འདྲ་བྱུང་མིན་སྐོར་ལ་ང་ཚོས་གཞོན་ནུ་གཉིས་ཀྱི་གཏམ་རྒྱུད་ལ་མཉམ་དུ་གཟིགས་གནང་ཡོད་པ་ཞུ།

    —— རྩོམ་སྒྲིག་པ།

    ཆེད་ལས་ཀྱི་རིན་ཐང་འདི་ག་ནས་ཡོངས་སུ་མངོན་པ།

    ཀྲང་ཀྲི་ཆང་།

    ས་བབ་སྨི་2600ཡོད་པའི་སི་ཁྲོན་འབར་ཁམས་གྲོང་ཁྱེར་གྱི་སོ་མ་གཙང་པོའི་འགྲམ་དུ་ལངས་ནས་རྐང་འོག་གི་མྱུར་བགྲོད་གཞུང་ལམ་ལ་བལྟས་ཚེ། 2018ལོའི་གནས་ཚུལ་རང་དབང་མེད་པར་ཡིད་ལ་དྲན། ལོ་དེར་རང་ཉིད་སློབ་མཐར་ཕྱིན་རྗེས་བཟའ་ཟླ་དང་མཉམ་དུ་འདི་གར་ཡོང་བ་ཡིན། བཟའ་ཟླ་དེ་གར་དགེ་རྒན་བྱེད་བཞིན་ཡོད་པ་དང་། ང་རང་རྔ་པ་བོད་རིགས་ཆང་རིགས་རང་སྐྱོང་ཀྲོའུ་མི་དམངས་སྨན་ཁང་དུ་ལས་ཀར་ཞུགས། དུས་དེ་ནས་བཟུང་ངས“སྐབས་ཐོག་སྨན་ཁང་དང་སྐོར་སྐྱོད་འོས་འགན་སྨན་བཅོས”སློབ་གྲྭ་དང་། སྡེ་ཁུལ། འབྲོག་ཁུལ་བཅས་སུ་བསྐྱོད་པའི་བརྒྱུད་རིམ་ལ་བདེན་དཔང་བྱས་པ་དང་འབྲེལ་དེའི་ནང་ཞུགས་པ་ཡིན།

    སློབ་ལོ་ལོན་པའི་བྱིས་པར་ཁ་སྦུག་བདེ་ཐང་གི་ཡིག་ཚགས་བཟོ་བ་དང་། འབྲོག་པར་ཁ་སྦུག་བདེ་ཐང་གི་ཚན་རིག་ཁྱབ་གདལ་གཏོང་བ། མི་ཧྲེང་རྒན་རྒོན་ལ་སྒོ་རྩར་སྨན་བཅོས་བྱེད་པ་སོགས་འོས་འགན་སྨན་བཅོས་ཐོག་མའི་ལོ་རེར་ཐེངས་10ལྷག་ཙམ་ནས་ད་ཆ་ཀྲོའུ་ཡོངས་ཀྱི་རྫོང་དང་གྲོང་ཁྱེར་13ལ་ཁྱབ་པ་དང་མི་ཐེངས་ཁྲི་5ལྷག་ཙམ་ལ་ཕན་པ་ཐོབ་ཡོད། ང་ཚོས་འབད་བརྩོན་ལྷོད་མེད་བྱས་པར་བརྟེན་ས་གནས་དེ་གའི་མང་ཚོགས་ཀྱི་བདེ་ཐང་འགན་སྲུང་དྲ་བའི་ཚགས་ཟམ་མི་ཆད་པར་དམ་དུ་བཏང་བ་ཡིན། “དགེ་རྒན་གྱིས་དགེ་ཕྲུག་ཁྲིད་པའི”རྣམ་པ་བརྒྱུད། ས་གནས་དེ་གའི་སྨན་དོན་པ་གསོ་སྐྱོང་བྱས་པ་དང་། 5Gལག་རྩལ་ལ་བརྟེན་ནས་རིགས་གཅིག་མཁས་ཅན་གྱི་རྒྱང་རྟེན་ནད་དཔྱད་མངོན་འགྱུར་བྱུང་བ། སི་ཁྲོན་དང་། ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་གསུམ་དབར་གྱི་སྨན་བཅོས་ཀྱི་ལྗང་མདོག་བགྲོད་ལམ་ཤར་གཏོང་ཐུབ་ནས། ད་ཆ“སྔོན་འགོག་དང་། བརྟག་དཔྱད། དྲག་སྐྱེད”བཅས་ཟུང་དུ་འབྲེལ་བའི་དུས་འཁོར་ཧྲིལ་པོའི་ཞབས་ཞུའི་མ་ལག་ཆ་ཚང་བ་ཞིག་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་ཕྱིན་ཡོད།

    དཀའ་ཚེགས་ཇི་ཙམ་ཆེ་བའི་ས་ཆར་འགན་འཁྲི་དེ་ཙམ་གྱིས་ཆེ་བ་འཁུར་དགོས། སྤོབས་སེམས་ཆེན་པོས་འགན་འཁྲི་ཁུར་ན་ལང་ཚོར་གཞི་ནས་བཀྲག་མདངས་འཚེར་སྲིད་པ་དང་། སྙིང་སྟོབས་ཆེར་སྐྱེད་ཀྱིས་ཡར་རྒྱས་བརྩོན་ལེན་བྱས་ན་ལང་ཚོར་གཞི་ནས་དོན་སྙིང་ལྡན་སྲིད། “སྨན་བཅོས་བྱེད་དཀའ་བ”ནས“སྒོ་རྩར་རིགས་གཅིག་མཁས་ཅན”སླེབས་པའི་བར་དང་། གནས་གཅིག་ཚད་བརྒལ་ནས་ས་ཁོངས་མཉམ་ལས་བར་འབར་ཁམས་སུ་བྱུང་བའི་འགྱུར་ལྡོག་ནི་མི་མང་པོ་ཞིག་གིས་འགན་འཁྲི་ཁུར་བ་ལས་ཐོབ་པའི་འབྲས་བུ་ཞིག་རེད། ཆེད་ལས་དང་བརྟན་སྲུང་ལ་བརྟེན་ནས་བདེ་ཐང་གི་འགོག་སྲུང་འཛིང་རགས་བརྟན་པོར་འཛུཌ་པ་དང་། ཐོག་མའི་བསམ་འདུན་དང་འགན་འཁྲིར་བརྟེན་ནས་ལེའུ་གསར་པ་ཞིག་རྩོམ་ཆེད་རང་ཉིད་ཀྱིས་འབད་བརྩོན་ཧུར་ཐག་བྱེད་ཀྱི་ཡིན། (རྩོམ་པ་པོ་ནི་སི་ཁྲོན་རྔ་པ་བོད་རིགས་ཆང་རིགས་རང་སྐྱོང་ཀྲོའུ་མི་དམངས་སྨན་ཁང་གི་སྨན་པ་ཡིན་པ)

    དྲན་རྟེན་དངོས་པོའི་ནང་སིམས་པའི་ཕུགས་འདུན་དང་རེ་བ།

    ལིའུ་ཞའོ་རན།

    མཚོ་སྔོན་གཏེར་ལེན་ཁ་གྲོང་ཁྱེར་ཚྭ་འདམ་གཤོང་ས་ལམ་སློབ་ཆུང་དུ་སློབ་སྐྱོར་ལ་སླེབས་ནས་ལོ་གཅིག་ཀྱང་མ་སོང་བར་ངའི་སྒྲོག་ཙེའི་སྟེང་དུ་དམིགས་བསལ་གྱི་དྲན་རྟེན་དངོས་པོ་གསུམ་མང་དུ་ཕྱིན་པ་སྟེ། སིང་ཕྱེ་བླུགས་པའི་འཐུང་ཆུའི་འགྱིག་དམ་གཅིག་དང་། ཤོག་བུའི་རྒྱ་སེ་མེ་ཏོག་གཅིག སྟབས་བདེའི་རི་མོ་གཅིག་བཅས་རེད། དེ་དག་ནི་ལོ་རིམ་མི་འདྲ་བའི་བྱིས་པ་གསུམ་གྱིས་ང་ལ་བཞག་པའི་དྲན་རྟེན་དངོས་པོ་རེད།

    འཐུང་ཆུའི་འགྱིག་དམ་དེ་ནི་ལོ་རིམ་གསུམ་པའི་སློབ་མས་ཚན་རིག་ཚོད་ལྟ་བྱས་རྗེས་བཞག་པ་ཞིག་རེད། ཉིའུ་ཏུན་མིན་པའི་རྒྱུག་གཟུགས་ཚོད་ལྟའི་སློབ་ཁྲིད་བྱེད་སྐབས། ཕྲུ་གུ་ཚོས་སིང་ཕྱེ་དང་ཆུ་བསྡུར་ཚད་སྙོམས་སྒྲིག་བྱས་རྗེས། ཉིའུ་ཏུན་མིན་པའི་རྒྱུག་གཟུགས་ལ“མཁྲེགས་པོ་དང་འཕྲད་ན་འཁྲེགས་པོ་དང་། མཉེན་པོ་དང་འཕྲད་ན་མཉེན་པོ”ཞེས་པའི་ངོ་མཚར་ཆེ་བའི་ཁྱད་ཆོས་ལྡན་པར་ཧང་སངས། “རྒྱུག་གཟུགས་མཁྲེགས་པོའི”ཤོག་བྱང་སྦྱར་བའི་འགྱིག་དམ་དེ་ནི་ཚན་རིག་ཁྱབ་གདལ་གྱི་ཚོད་ལྟ་ལས་སློབ་མའི་ཡ་མཚན་གྱི་བསམ་པ་མཚོན་པའི་བདེན་དཔང་ཞིག་ཡིན་པ་མ་ཟད། ནུབ་རྒྱུད་སློབ་གསོའི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་གི་བསྡུས་རིས་ཤིག་ཀྱང་རེད།

    གཉིས་པ་ནི་ལོ་རིམ་གཉིས་པའི་སློབ་མ་ཞིག་གིས་བཟོས་པའི་ཤོག་བུའི་རྒྱ་སེ་མེ་ཏོག་རེད། སློབ་མ་དེས་དྲ་ཐོག་ནས་ཧོ་པེ་ཆིན་ཧོང་ཏའོ་ཡི་མེ་ཏོག་རྒྱ་མཚོའི་བརྙན་ལམ་མཐོང་ནས་སླད་ཕྱིན་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་གཏེར་ལེན་ཁ་བྱེ་ཐང་དུ་མེ་ཏོག་བཞད་པའི་རེ་བ་བྱེད་ཀྱི་ཡོད། ཤོག་བུའི་རྒྱ་སེ་མེ་ཏོག་གིས་སྐྱེ་ཁམས་ཤེས་དཔལ་གྱི་ས་བོན་སློབ་མའི་སེམས་སུ་མྱུ་གུ་འབུས་པ་དང་ཕྲུ་གུ་ཚོའི་ཕ་ཡུལ་འཛུགས་སྐྲུན་བྱེད་པའི་མཛེས་སྡུག་ལྡན་པའི་འདོད་བློ་ཡང་མཚོན་ཡོད།

    གསུམ་པ་ནི་ལོ་རིམ་དང་པོའི་སློབ་མ་ཞིག་གིས་ང་ལ་བྲིས་པའི་རི་མོ་རེད། རི་མོའི་ནང་ངས་འཇིག་རྟེན་འཕུར་སྐྱོད་ཀྱི་ཞྭ་མོ་གྱོན་པ་དང་། མཁའ་དབྱིངས་སུ་བྱང་སྐར་སྤུན་བདུན་སྲུང་སྐར་དང་གནམ་གྲུ་ཆེན་པོ་C919འདུག དེ་ནི་ངས་ཁོང་ཚོར་མ་ཡུམ་སློབ་གྲྭའི་ཚན་ཞིབ་ཚོགས་པ“རྒྱལ་ཁབ་ཀྱི་མཆོག་ནོར”གཉིས་ཀྱི་ཞིབ་འཇུག་གསར་སྤེལ་ནང་ཞུགས་པའི་བྱས་རྗེས་བཤད་པ་ལས་བློ་སྐྱེད་བྱུང་བ་ཞིག་རེད།

    དྲན་རྟེན་དངོས་པོ་གསུམ་པོ་དེ་དག་ཅ་དངོས་ཆུང་ཆུང་ཡིན་ཡང་། ངའི་ངོས་ནས་བརྗོད་ན་ཧ་ཅང་རྩ་ཆེན་ཡིན། དྲན་རྟེན་དངོས་པོའི་ནང་ཕྲུ་གུ་ཚོའི་ཕུགས་འདུན་ཆེན་པོ་སིམས་ཡོད་ལ་ནུབ་རྒྱུད་སློབ་གསོའི་རེ་བ་གསར་པ་ཡང་ཡོད། སློབ་གསོ་ནི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རྨང་གཞི་ཡིན་པས། སློབ་ཚན་ཞིག་གྲ་སྒྲིག་ཡག་པོ་དང་སློབ་ཁྲིད་ཡག་པོ་བྱེད་པ་ནས་འགོ་རྩོམ་རྒྱུ་ནི་ངའི་འགན་འཁྲི་དང་འདུན་པ་ཡིན། (རྩོམ་པ་པོ་ནི་ཡན་ཧྲན་སློབ་ཆེན་སྐབས་ཉེར་དྲུག་པའི་ཞིབ་འཇུག་སློབ་མའི་སློབ་སྐྱོར་ཚོགས་པའི་ཁོངས་མི་ཡིན་པ)

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།