ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ཁེ་ལས་མཁས་ཅན་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པ་ཧ་སག་སི་ཐན་དུ་འཚོགས་པ།
ཚེས་17ཉིན། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ཁེ་ལས་མཁས་ཅན་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པ་ཧ་སག་སི་ཐན་གྱི་རྒྱལ་ས་ཨ་སི་ཐ་ན་རུ་འཚོགས་པ་དང་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་ཁེ་ལས་ཀྱིས་མཉམ་ལས་ཀྱི་བསམ་ཤེས་བརྗེད་ཐོའམ་མཉམ་ལས་གྲོས་མཐུན་30ལྷག་ཙམ་ལ་མིང་རྟགས་བཀོད་པ་རེད།
བྱེད་སྒོ་སྤེལ་རིང་། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་བཟོ་ཚོང་ལས་རིགས་ཀྱི་འཐུས་མིས་ལྗང་མདོག་ནུས་རྒྱུ་འཕེལ་རྒྱས་དང་ཆ་འཕྲིན་ལག་རྩལ་མཉམ་ལས་སོགས་ཀྱི་གྲོས་གཞིར་དམིགས་ནས་གྲོས་བསྡུར་གཏིང་ཟབ་བྱས་པ་དང་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་ཁེ་ལས་ཀྱིས་མཉམ་ལས་ཀྱི་བསམ་ཤེས་བརྗེད་ཐོའམ་མཉམ་ལས་གྲོས་མཐུན་ཁག་32ལ་མིང་རྟགས་བཀོད་པ་རེད། ཚོགས་འདུ་འཚོགས་རིང་ད་དུང་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ཁེ་ལས་མཁས་ཅན་ཨུ་ཡོན་ལྷན་ཁང་གི་ཀྲུང་གོ་ཕྱོགས་ཀྱི་ལས་འཛིན་ལྷན་ཚོགས་འཛུགས་པའི་ཚོགས་ཆེན་དང“ཧྲའན་ཤིས་སུ་སྐྱོད་པའི”དཔལ་འབྱོར་ཚོང་དོན་གྱི་མཉམ་ལས་འབྲེལ་མཐུད་ཚོགས་འདུའང་འཚོགས་པ་རེད།