དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱིས་མཛེས་བཟོ་དང་དབང་པོ་བཅོས་བཟོའི་རིན་གོང་གཅིག་གྱུར་ཚད་ལྡན་དུ་གཏོང་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-06-21

    ཉེ་ཆར། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱིས《མཛེས་བཟོ་དང་དབང་པོ་བཅོས་བཟོའི་རིགས་ཀྱི་སྨན་བཅོས་ཞབས་ཞུའི་རིན་གོང་རྣམ་གྲངས་འཛུགས་པའི་ཕྱོགས་སྟོན(ཚོད་ལྟའི་ལག་བསྟར)》བཀྲམ་ནས་སྨན་བཅོས་སྒྲིག་གཞིས་རང་བདག་ལུགས་མཐུན་གྱིས་རིན་གོང་གཏན་འཁེལ་བྱེད་པར་ཁྲིད་སྟོན་བྱས་ནས་དེ་བས་ཚད་ལྡན་དང་། ཁ་གསལ། གོ་རིམ་ལྡན་པ་བཅས་ཀྱི་མཛེས་བཟོ་དང་དབང་པོ་བཅོས་བཟོའི་ཁྲོམ་རའི་ཁོར་ཡུག་བསྐྲུན་པར་རམ་འདེགས་བྱས་ཡོད།

    རང་རྒྱལ་གྱི་མཛེས་བཟོ་དང་དབང་པོ་བཅོས་བཟོའི་ཁྲོམ་ར་ཟམ་མི་ཆད་པར་རྒྱ་ཆེར་ཕྱིན་པ་དང་ཆབས་ཅིག ལས་རིགས་ཀྱིས་གྲོན་དངུལ་གང་བྱུང་དུ་བསྡུ་བའི་རིགས་སྔར་བཞིན་མངོན་གསལ་དོད་ལ། སྨན་བཅོས་མཛེས་བཟོའི་སྒྲིག་གཞི་ཁག་གཅིག་གིས་དྲིལ་བསྒྲགས་བྱེད་དུས་རིན་གོང་གཅོག་ཀྱང་དང་ལྐོག་ཏུ་རིན་གོང་སྤོར་བ་སོགས་ཀྱི་གནད་དོན་ཐོན་གྱི་ཡོད། ད་ཐེངས་རྣམ་གྲངས་འཛུགས་པའི་ཕྱོགས་སྟོན་གྱིས་མཛེས་བཟོ་དང་དབང་པོ་བཅོས་བཟོའི་རིགས་ཀྱི་རིན་གོང་ཁྲོམ་རའི་རིན་གོང་སྙོམ་སྒྲིག་གི་དོ་དམ་བྱེད་སྟངས་ལ་འགྱུར་ལྡོག་མི་གཏོང་བར་གཙོ་བོ་རིན་གོང་རྣམ་གྲངས་གཅིག་གྱུར་བྱས་ནས་སྨན་བཅོས་སྒྲིག་གཞིའི་རིན་གོང་གཏན་འཁེལ་གྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་ཆེད་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།