དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “ཉིན་བརྒྱར་ལས་གནས་ཁྲི་སྟོང་མཁོ་འདོན་བྱེད་པའི་ཆེད་དོན་བྱ་སྤྱོད”སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-06-21

    གསར་འགོད་པར་མི་སྤྱི་པུའུ་ནས་ཤེས་རྟོགས་བྱུང་བར། ཚེས་17ཉིན“ཉིན་བརྒྱར་ལས་གནས་ཁྲི་སྟོང་མཁོ་འདོན་བྱེད་པའི་ཆེད་དོན་བྱ་སྤྱོད”སྐབས་དྲུག་པ་སྤེལ་འགོ་ཚུགས་པའི་མཛད་སྒོ་དང་མཐོ་སློབ་སློབ་ཐོན་སློབ་མའི་ལས་མི་བསྡུ་བའི་ཆེད་དོན་འདུ་ཚོགས་ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཁྱེར་དུ་འཚོགས་ཤིང་། ཉིན་དེའི་ལས་མི་བསྡུ་བའི་འདུ་ཚོགས་ནང་ཁེ་ལས་240ཞུགས་ནས་མཐོ་སློབ་སློབ་ཐོན་སློབ་མ་སོགས་གཞོན་ནུ་ཚོར་ལས་གནས་ཀྱི་ཆ་འཕྲིན་4500མཁོ་འདོན་བྱས་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། “ཉིན་བརྒྱར་ལས་གནས་ཁྲི་སྟོང་མཁོ་འདོན་བྱེད་པའི་ཆེད་དོན་བྱ་སྤྱོད”སྤེལ་བ་ནི་ལས་ཞུགས་སྔོན་སྒྲུབ་འཐབ་ཇུས་དང་། དུས་བབ་ཀྱི་འགྱུར་ལྡོག་ལ་ཁ་གཏད་ཧུར་ཐག་གཅོག་པ། ལས་ཞུགས་ལ་ཞབས་འདེགས་ཞུ་ནུས་ཆེ་རུ་གཏོང་བ་བཅས་དོན་འཁྱོལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་རེད། ད་ལོར་བྱ་སྤྱོད་དེས“ལས་རིགས་ཀྱིས་མ་འོངས་པར་ཁྲིད་སྟོན་བྱེད། ལང་ཚོའི་ཕུགས་འདུན་མཉམ་དུ་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། ཉིན་100ཡས་མས་ནང་མཐོ་སློབ་སློབ་ཐོན་སློབ་མ་གཙོ་བོར་བྱས་པའི་ངལ་རྩོལ་པའི་རིགས་སྣ་ཚོགས་ལ་ཕྱོགས་ནས་ལས་ཞུགས་ལས་གནས་ཀྱི་ཆ་འཕྲིན་ཁྲི་སྟོང་ཕྱོགས་སྡེབ་གསར་སྤེལ་བྱེད་པ་དང་ལས་གནས་འབྲེལ་མཐུད་ཀྱི་བྱེད་སྒོ་གཅིག་སྡུད་ཐོག་སྤེལ་ནས་སྤུས་ཚད་མཐོ་བའི་ངང་ལས་ཞུགས་གང་ལེགས་ཐུབ་པར་སྐུལ་འདེད་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།