དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • གློག་འཕྲིན་དང་དྲ་རྒྱའི་ཁ་བསླུས་འགོག་ཟོན་གྱི་དྲིལ་བསྒྲགས་ལག་དེབ་2025ལོའི་དཔར་མ་ཡོངས་བསྒྲགས་བྱས་པ།

    རྒྱལ་ཁབ་ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱིས་ན་ནིང་ཚུན་དུ་གྱོད་འབྲེལ་མ་དངུལ་སྒོར་དུང་ཕྱུར་3000ལྷག་ཙམ་འཕྲལ་དུ་བཀག་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-06-21

    བསྐུར་མ་ལེན་པའི་འཕྲིན་ཐུང་འབྱོར་ནའང་བསྐུར་མ་རྙེད་ཀྱི་མེད་པའི་རིགས་ལ་དོགས་ཟོན་ཆེན་པོ་བྱེད་དགོས། འདི་རིགས་ནི་ཁ་བསླུས་རྒྱག་མཁན་གྱིས་བསྐུར་མ་ལེན་པའི་འཕྲིན་ཐུང་རྫུན་མ་བསྐུར་ནས་དོ་བདག་ལ་ཁྲིམས་འགལ་གྱི་APPཕབ་ལེན་བྱེད་དུ་འཇུག་པ་དང་མཐར་དངུལ་ཁང་གཱ་ནས་དངུལ་སྒྱུར་བའི་ཁ་བསླུས་རྒྱག་སྟངས་ཤིག་ཡིན་སྲིད།

    གློག་འཕྲིན་དང་དྲ་རྒྱའི་ཁ་བསླུས་རྒྱག་སྟངས་འདྲ་མིན་སྣ་ཚོགས་ལ་ཁ་གཏད་བཅག་ནས། མང་ཚོགས་ཀྱི་ཁ་བསླུས་སྔོན་འགོག་གི་འདུ་ཤེས་ཟབ་ཏུ་དང་ཁ་བསླུས་ངོས་འཛིན་བྱེད་ནུས་ཆེ་རུ་ཏན་ཏིག་གཏོང་ཆེད།

    ཉེ་ཆར། སྤྱི་བདེ་པུའི་ཉེས་དོན་མྱུལ་ཞིབ་ཅུས་དང་རྒྱལ་ཁབ་ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱིས་མཉམ་འབྲེལ་ཐོག《གློག་འཕྲིན་དང་དྲ་རྒྱའི་ཁ་བསླུས་འགོག་ཟོན་གྱི་དྲིལ་བསྒྲགས་ལག་དེབ་2025ལོའི་དཔར་མ》ཡོངས་བསྒྲགས་བྱས་པ་རེད། ལག་དེབ་ནང་། གྱོད་དཔེ་དངོས་ལ་དབྱེ་ཞིབ་དང་། གློག་འཕྲིན་ཁ་བསླུས་ཀྱི་རྫུན་རྐུབ་བརྟོལ་བ། ཁ་བསླུས་ངོ་རྒོལ་གྱི་དྲན་སྐུལ་གཙོ་བོ་བཅས་ཟུང་འབྲེལ”གྱི་རྣམ་པ་བརྒྱུད་མང་ཚོགས་ལ་ཁ་བསླུས་འགོག་ཟོན་ཡོང་བར་བྱས་པ་རེད།

    མིག་སྔར། རྒྱུན་མཐོང་གི་གློག་འཕྲིན་དང་དྲ་རྒྱའི་ཁ་བསླུས་རྒྱག་སྟངས་གང་དག་ཡོད་དམ་ཞེ་ན། ལག་དེབ་ནང་བྲིན་རྫུའི་ཁེ་སློག་དང་དྲ་རྒྱའི་མ་འཇོག་འབྱོར་སྐྱོང་རྫུན་མ་སོགས་ཡང་སེ་ཐོན་པའི་གློག་འཕྲིན་དང་དྲ་རྒྱའི་ཁ་བསླུས་རྒྱག་སྟངས་རིགས་10ཙམ་ཡོད་པ་དེ་དག་ཞིབ་ཕྲ་བཀོད་པ་མ་ཟད། གྱོད་དཔེར་དབྱེ་ཞིབ་དང་ཁ་བསླུས་ཀྱི་རྫུན་རྐུབ་བརྟོལ་བ་བརྒྱུད་ནག་ཉེས་བཟོ་བའི་གཡོ་ཐབས་དམར་རྗེན་དུ་བཏོན་ཡོད། ལག་དེབ་ནང་། ད་དུང་སྤྱི་བདེ་པུའུ་ཡིས་བཟོ་འཕྲིན་པུའུ་དང་ཀྲུང་གོ་མི་དམངས་དངུལ་ཁང་དང་མཉམ་དུ་ཁ་བསླུས་ངོ་རྒོལ་གྱི་ལག་ཆ་ནུས་ལྡན་མང་པོ་ཞིག་ངོ་སྤྲོད་བྱས་པའི་ནང་། རྒྱལ་ཁབ་ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱི་APPདང་། 96110སྔོན་བརྡའི་བཀག་སྡོམ་བསླབ་བྱའི་ཐད་སྦྲེལ་ཁ་པར། 12381ཁ་བསླུས་དང་འབྲེལ་བའི་སྔོན་བརྡའི་བཀག་སྡོམ་བསླབ་བྱའི་འཕྲིན་ཐུང་མ་ལག རྒྱལ་ཡོངས་ཀྱི་སྒུལ་བདེའི་ཁ་པར་གཱ“ལག་ཁྱེར་གཅིག་གིས་ཀུན་བཤེར” རྒྱལ་ཡོངས་དྲ་སྦྲེལ་གྱི་ཐོ་ཁོངས་ཨང་གྲངས“ལག་ཁྱེར་གཅིག་གིས་ཀུན་བཤེར” ཁ་བསླུས་ངོ་རྒོལ་གྱི་མིང་བྱང་། སྤྲིན་མྱུར་སྤྲོད་APPཡི“མཐེབ་གཅིག་གིས་གཱ་བཤེར་བ” རྒྱལ་སྒྲོལ་གྱི་དྲན་སྐུལ་ཞབས་ཞུ་སོགས་ཚུད་ཡོད་པ་རེད།

    2024ལོ་ཚུན་དུ། རྒྱལ་ཁབ་ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱིས་རིམ་རྩིས་བརྒྱབ་ན་མ་དངུལ་གྱི་ཉེན་བརྡའི་བཀའ་བཀོད་ཁྲི་183.8བཏང་ནས་ཁ་བསླུས་ཀྱི་ཁ་པར་ཐེངས་དུང་ཕྱུར་46.9དང་འཕྲིན་ཐུང་དུང་ཕྱུར་33.7བཀག་པ་མ་ཟད། གྱོད་འབྲེལ་མ་དངུལ་སྒོར་དུང་ཕྱུར་3151ཛ་དྲག་ངང་བཀག་པ་རེད། གཞན་ཡང་། 12381ཁ་བསླུས་དང་འབྲེལ་བའི་ཉེན་གཏོང་བཀག་སྡོམ་བསླབ་བྱའི་འཕྲིན་ཐུང་མ་ལག་སྤྱོད་འགོ་ཚུགས་ཚུན། 2025ལོའི་ཟླ་5པའི་ཟླ་མཇུག་བར། 12381མ་ལག་ནས་རིམ་རྩིས་བརྒྱབ་ན་སྔོན་བརྡའི་ཆ་འཕྲིན་དུང་ཕྱུར་13.88བཏང་ནས་སྔོན་བརྡའི་བཀག་སྡོམ་བསླབ་བྱ་ལེགས་གྲུབ་བྱུང་ཚད་60%ཟིན་པ་དང་། མི་ཁྲི་1940ཙམ་མགོ་སྐོར་འོག་མ་ཚུད་པར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།