དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • འགག་གསུམ་གྲུ་ལམ་འགག་སྒོ་ཤར་གཏོང་ཐུབ་ནས་ལོ་22ཕྱིན་པ།

    རིམ་རྩིས་བརྒྱབ་ན་གྲུ་ལམ་འགག་སྒོ་ནས་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་དུང་ཕྱུར་22.4ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-06-21

    གསར་འགོད་པར་འབྲི་ཆུའི་འགག་གསུམ་གྲུ་གཟིངས་ཤར་གཏོང་དོ་དམ་ཅུས་ནས་ཤེས་རྟོཌ་བྱུང་བར། 2003ལོའི་ཟླ་6ཚེས་18ཉིན་སྤྱི་ཚོགས་ཀྱི་གྲུ་གཟིངས་ལ་ཁ་ཕྱོགས་ནས་དངོས་སུ་སྒོ་ཕྱེ་བ་ནས་བཟུང་། འགག་གསུམ་གྲུ་ལམ་འགག་སྒོ་བདེ་འཇགས་ལྡན་ལ་བརྟན་པོའི་ངང་འཁོར་སྐྱོད་ལོ་22བྱས་ཤིང་། རིམ་རྩིས་བརྒྱབ་ན་འགག་སྒྲོལ་ཐེངས་ཁྲི་21.5བྱས་ནས་གྲུ་གཟིངས་ཐེངས་ཁྲི་107.4ལྷག་ཙམ་ཤར་གཏོང་བྱས་ཏེ་འགྲུལ་པ་མི་ཐེངས་ཁྲི་1229.1ལྷག་ཙམ་དང་དངོས་ཟོག་ཏུན་དུང་ཕྱུར་22.4སྐྱེལ་འདྲེན་བྱས་ཡོད་པ་རེད།

    འགག་གསུམ་གྲུ་ལམ་འགག་སྒོ་ནི་འཛམ་གླིང་ཐོག་གི་རྒྱུན་མཐུད་རིམ་གྲངས་མང་ཤོས་དང་། སྤྱིའི་ཆུ་སྣ་དང་རིམ་བར་ཆུ་འདྲེན་ཆུ་སྣ་མཐོ་ཤོས། ལག་རྩལ་རྙོག་འཛིང་ཆེ་ཤོས་བཅས་ཀྱི་ནང་ཁུལ་ཆུ་བོའི་གྲུ་ལམ་འགག་སྒོ་ཞིག་ཡིན། འགག་གསུམ་གྲུ་ལམ་འགག་སྒོའི་ཇུས་འགོད་འགག་སྒྲོལ་ནུས་པ་དང་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་ཟོག་འདྲེན་དགོས་མཁོ་ཕན་ཚུན་འཚམ་མཐུན་མེད་པའི་དཀའ་གནད་སེལ་ཆེད། འགག་གསུམ་འགག་སྒྲོལ་བས“ལུའོ་ཅིང་གི་འདྲེན་ཤུགས་སྒྱུར་ཐབས”གསར་གཏོད་བྱས་ཏེ་གྲུ་གཟིངས་རགས་སྒྲོལ་ལས་སྒྲུབ་འཆར་གཞི་ཚན་རིག་དང་མཐུན་པར་བཀོད་སྒྲིག་བྱས་པ་དང་། རགས་གཉིས་གྲུ་ལམ་འགག་སྒོ་མཉམ་འབྲེལ་བཀོད་གཏོང་དང་དེ་བཞིན་འབྲི་ཆུའི་གཞུང་ཆུའི་རགས་བརྒལ་གྲུ་གཟིངས་མཉམ་འགུལ་ཚོད་འཛིན་བྱས་ནས་གྲུ་ལམ་འགག་སྒོ་མང་པོ་མཐུན་སྦྱོར་འཁོར་སྐྱོད་ཐུབ་པར་བྱས་པ་སོགས། ད་ཆ་འགག་གསུམ་གྲུ་ལམ་འགག་སྒོས་ལོ་རེར་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཐོག་མའི་ཏུན་ཁྲི་3400ནས་མིག་སྔའི་ཏུན་དུང་ཕྱུར་1.69བར་མཐོ་རུ་ཕྱིན་ནས་ཧ་ལམ་ལྡབ་4ཙམ་འཕར་བ་དང་ཇུས་འགོད་འགག་སྒྲོལ་ནུས་པ་ལས་70%ཙམ་བརྒལ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།