ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་འགྲེམས་ཚོགས་སྐབས་དགུ་པ་འགོ་ཚུགས་པ།
འདི་ནི་ཟླ་6ཚེས་19ཉིན་པར་བརྒྱབ་པའི་ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་འགྲེམས་ཚོགས་སྐབས་དགུ་པའི་ཨེ་ཤེ་ཡ་ཤར་ལྷོའི་འགྲེམས་ཁང་ཡིན་པ།
འདི་ནི་ཟླ་6ཚེས་19ཉིན་ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་འགྲེམས་ཚོགས་སྐབས་དགུ་པར་ཕ་ཁི་སི་ཐན་འགྲེམས་ཁུལ་གྱི་ཚོང་པས་ལྟད་མོ་བར་ཁྱད་ལྡན་ཚོང་ཟོག་ངོ་སྤྲོད་བྱེད་པ།
དུས་ཡུན་ཉིན་དྲུག་གི་ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་འགྲེམས་ཚོགས་སྐབས་དགུ་པ་ཟླ་6ཚེས་19ཉིན་ཡུན་ནན་ཁུན་མིང་དུ་འགོ་ཚུགས་ཤིང་། སྐབས་འདིའི་འགྲེམས་ཚོགས་ནང་རྒྱལ་ཁབ་དང་ས་ཁུལ་73དང་རྒྱལ་སྤྱིའི་རྩ་འཛུགས་བཅས་ཞུགས་པ་དང་ཁེ་ལས་2500ལྷག་ཙམ་འགྲེམས་སྟོན་ལ་ཞུགས་པ་དེ་ཨེ་ཤེ་ཡ་ལྷོ་མ་དང་ཨེ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་ཡོངས་ལ་ཁྱབ་ཡོད་པ་རེད།