དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • འཇོ་མདའ་རྫོང་འཇོ་མདའ་གྲོང་ཚོར།

    “ཁེ་ལས་ཁྲི་ཡིས་གྲོང་ཚོ་ཁྲིར་རོགས་རམ་དང་དུད་ཚང་ཁྲིར་ཁྱིམ་སྤྱོད་གློག་ཆས་ཉམས་བཟོ་བྱེད་པའི”དམངས་ཕན་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-21

    ཉེ་ཆར། འཇོ་མདའ་རྫོང་འཇོ་མདའ་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གིས་འབྲེལ་ཡོད་ཚན་པ་དང་མཉམ་དུ“ཁེ་ལས་ཁྲི་ཡིས་གྲོང་ཚོ་ཁྲིར་རོགས་རམ་དང་དུད་ཚང་ཁྲིར་ཁྱིམ་སྤྱོད་གློག་ཆས་ཉམས་བཟོ་བྱེད་པའི”དམངས་ཕན་བྱེད་སྒོ་སྤེལ་ཞིང་། དེའི་དམིགས་ཡུལ་ནི་དབྱར་རྩྭ་དགུན་འབུ་བརྐོ་རིང་ཁྱིམ་དུ་སྡོད་མཁན་ལ་ཞབས་འདེགས་ཡག་པོ་ཞུས་ཏེ། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་ཡིན་པ་རེད།

    བྱེད་སྒོ་སྤེལ་རིང་། གྲོང་སྡོད་ལས་དོན་རུ་ཁག་གིས་འབྲེལ་ཡོད་ཁེ་ལས་དང་མཉམ་དུ་དུད་ཚང་27གྱི་ཁྱིམ་སྤྱོད་གློག་ཆས་ལ་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་པ་མ་ཟད། ས་གནས་ས་ཐོག་ཏུ་བརྙན་འཕྲིན་འཕྲུལ་ཆས་དང་ཇ་བསྲུབས་འཕྲུལ་ཆས་སོགས་ཁྱིམ་སྤྱོད་གློག་ཆས་41ལ་ཉམས་བཟོ་བྱས་པ་རེད།

    ཐེངས་འདིའི་བྱེད་སྒོར་ཁྱིམ་སྤྱོད་གློག་ཆས་41ལ་ཉམས་བཟོ་བྱས་པར་བརྟེན་མང་ཚོགས་ལ་འགྲོ་སོང་སྒོར་ཁྲི་2.2གྲོན་ཆུང་ཐུབ་པས་མང་ཚོགས་ཀྱི་དགའ་བསུ་ཐོབ་ཡོད།

    (གསར་འགོད་པ། ཚེ་ཁོ། འཕྲིན་སྤེལ་བ། དཔལ་ཐར་རྒྱལ)

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།