ལྷ་ས་གྲོང་ཁྱེར་གྱི་གཞོན་ནུའི་གསར་གཏོད་ལས་གཏོད་ཀྱི་འགྲན་བསྡུར་སྐབས་བརྒྱད་པའི་མཐའ་བསྡུར་བྱས་པ།
ཚེས་18ཉིན། ལྷ་ས་གྲོང་ཁྱེར་གྱི་གཞོན་ནུའི་གསར་གཏོད་ལས་གཏོད་ཀྱི་འགྲན་བསྡུར་ཆེན་པོ་སྐབས་བརྒྱད་པའི་མཐའ་བསྡུར་བོད་ལྗོངས་སློབ་ཆེན་ཝ་པ་གླིང་སློབ་ཁུལ་དུ་བྱས་ཤིང་། ཕུལ་བྱུང་རྣམ་གྲངས་35ཡིས་མཐའ་བསྡུར་གྱི་འགྲན་སྟེགས་ཐོག་གསར་གཏོད་ཀྱི་བསམ་གཞིག་དང་ལས་གཏོད་ཀྱི་ལག་ལེན་ཏན་ཏིག་གི་ཐོག་ནས་འགྲན་རྩོད་དྲག་པོ་བྱས་ནས་གཟི་བརྗིད་མཐོ་ཤོས་བརྩོན་ལེན་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། འགྲན་བསྡུར་ནང་ཞུགས་པའི་རྣམ་གྲངས་ཁྲོད་རིག་གནས་བསམ་བཀོད་དང་། དེང་རབས་ཞབས་ཞུ། ཁྱད་ལྡན་ཐོན་ལས། ཚན་རྩལ་གསར་གཏོད་སོགས་ཁྱབ་ཁོངས་མང་པོ་ཡོད་པས“རིག་གནས་ཀྱི་རིམ་པ་མཐོ་བ་དང་། ཁྱབ་རྒྱ་ཆེ་བ། རེ་ཞུའི་ཚོགས་པ་མང་བ། ཚན་རྩལ་འདུས་ཚད་མཐོ་བ”བཅས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། འགྲན་བསྡུར་ཆེན་པོའི་ནང་ད་དུང“རྣམ་གྲངས་དཔྱད་ཞིབ”ཀྱི་ལྷུ་ཚིགས་བཀོད་སྒྲིག་བྱས་པ་དང་རོགས་སྐྱོར་གྱི་ཆ་རྐྱེན་དང་མཐུན་པའི་ཕུལ་བྱུང་རྣམ་གྲངས་ལ་རྣམ་གྲངས་རོགས་སྐྱོར་གྱི་མ་དངུལ་མཐོ་ཤོས་སྒོར་ཁྲི་10རག་པ་དང་སྐབས་འདིའི་འགྲན་བསྡུར་ཆེན་པོར་ཁྱོན་རོགས་སྐྱོར་མ་དངུལ་སྒོར་ཁྲི་56སྤྲད་པ་རེད།